- mkhas grub shangs ston tshul khrims mgon po
- ID:
- T225926
- མཁས་གྲུབ་ཤངས་སྟོན་ཚུལ་ཁྲིམས་མགོན་པོ (Tibetan, Tibetan script, Original)
- > mkhas grub shangs ston tshul khrims mgon po (Tibetan, Latin script, Transliteration-THL Extended Wylie Transliteration)
- > khedrub shang tön tsultrim gönpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་ཡབ་དཔོན་པོ་དཀོན་མཆོག་བཟང་དང་ཡུམ་ཇོ་དགེ་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ཤིང་རྟ(༡༢༣༤ལོར་སྐུ་བལྟམས། དགུང་ལོ་བརྒྱད་དགུ་ལ་ཕེབས་སྐབས་ཡི་གེ་འབྲི་ཀློག་བངེ་བླག་ཏུ་མཁྱེན། བྱིས་པའི་དུས་ནས་འཇིག་རྟེན་ལ་སྐྱོ་ཤས་ཆེ་འིང་རྣམ་དཀར་གྱི་ལས་ལ་སྤྲོ། དགུང་ལོ་བཅུ་གསུམ་པ་ལ་ཉི་ཐོག་པས་མཁན་པོ། སློབ་དཔོན་ཚུ་ཤེས་གནང་ནས་དགེ་ཚུལ་མཛད། མཚན་ཚུལ་ཁྲིམས་མརྒོན་པོར་གསོལ། སློབ་དཔོན་དང་སློབ་དཔོན་ཤཱཀྱ་འབུམ་འཕར་ཕྱིན་དང་སྤྱོད་འཇུག་བསླབས་ནས་དགུང་ལོ་བཅོ་བརྒྱད་པ་ལ་དེ་ཉིད་ཀྱི་བཤད་གསར་མཛད། དེ་ནས་ཚད་མ་རྣམ་ངེས་ལ་སྦྱངས་བརྩོན་མཛད་པས་མཁས་པར་གྱུར་ཏེ་ཚད་མའི་སྟོན་པ་བཟང་པོར་གྲགས། གཞན་ཡང་བྱམས་ཆོས་ལྔ། ས་སྡེ། ཚད་མ་སྡེ་བདུན། དབུ་མ་རིགས་ཚོགས། བསླབ་བཏུས་རྣམས་དང་གསང་སྔགས་ཀྱང་མང་དུ་གསན། བླ་མ་ས་སྟོན་ལྷ་རིན་ལ་གསང་སྔགས་ཀྱི་རྒྱུད་སྒྲུབ་ཐབས་མང་བར་གསན། གཡའ་ལུང་དགོན་གསར་བའི་མཁན་པོ་ལ་བཀའ་གདམས། མདོ་པོར་ཀརྨ་པ་ལ་ཁོང་གི་ཟབ་ཆོས་རྣམས་གསན་ཏེ་མཁས་པའི་ཕུལ་དུ་ཕྱིན། རང་གི་ཡུལ་གཞིས་ཐམས་ཅད་བཙོངས་ནས་ཡབ་ཡུམ་གྱི་ཆེད་དུ་མཆོད་འབུལ་རྒྱ་ཆེན་མཛད། སངས་རྒྱས་སྟོན་པའི་སྙན་པ་གསན་ཙམ་གྱིས་མོས་པ་ཐོབ་སྟེ་རི་གོང་དུ་བྱོན་ནས་གདམས་པ་ཞུས་པས་སྣོད་ལྡན་དུ་དགོངས་ཏེ། ནི་གུའི་སྐོར་མ་ལུས་པར་གནང༌། ཉམས་མྱོང་གིས་ཀྱང་བླ་མ་དགྱེས་ཏེ་བསྔགས་པ་ཚད་མེད་མཛད། དེ་ནས་གཞུ་བྲག་དམར་བའི་བླ་མ་དཀོན་སྐྱབས་ལ་སྙིང་ཐིག་གསན་པས་ལྟ་སྟངས་མཛད་པ་ཙམ་གྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་རྒྱ་ཆེན་པོ་ཤར། ཙ་རིར་སྒྲུབ་པ་མཛད་ནས་སློབ་མ་མང་དུ་བྱུང༌། དེ་ནས་འཇག་ཏུ་བཞུགས་ནས་གཞན་གྱི་དོན་རྒྱ་ཆེན་པོ་མཛད། འཇག་པ་རྒྱལ་མཚན་སོགས་རྟོགས་ལྡན་གྱི་སློབ་མ་མང་དུ་བསྐྱངས། མཐར་དགུང་གྲངས་བདུན་ཅུ་དོན་དྲུག་ལ་ཕེབས་པ་རབ་བྱུང་ལྔ་པའི་ས་བྱ(༡༣༠༩)ལོའི་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་ཞི་བར་གཤེགས་སོ། །
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ཉིད་ཡབ་དཔོན་པོ་དཀོན་མཆོག་བཟང་དང་ཡུམ་ཇོ་དགེ་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ཤིང་རྟ (༡༢༣༤) ལོར་སྐུ་བལྟམས། མཐར་དགུང་གྲངས་བདུན་ཅུ་དོན་དྲུག་ལ་ཕེབས་པ་རབ་བྱུང་ལྔ་པའི་ས་བྱ (༡༣༠༩) ལོའི་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་ཞི་བར་གཤེགས་སོ། །
- language:
- Tibetan
3. gangs can mkhas grub rim byon ming mdzod
[225] ཁོང་ནི་རབ་བྱུང་བཞི་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ 1234 ལོར་ཡུལ་རྐྱང་ཡང་ཁང་དུ་ཡབ་དཔོན་པོ་དཀོན་མཆོག་བཟང་དང་། ཡུམ་ཇོ་དགེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ 1309 ལོར་སྐུ་གཤེགས། དགུང་ལོ་བརྒྱད་དགུ་ལ་ཡི་གེའི་འབྲི་ཀློག་མཁྱེན། དགུང་ལོ་བཅུ་གསུམ་པར་ཉི་ཐོག་པས་མཁན་པོ་དང་། སློབ་དཔོན་ཚུལ་ཁྲུམས་ཤེས་རབ་ཀྱིས་མཛད་ནས་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་མཚན་ཚུལ་ཁྲིམས་མགོན་པོ་ཞེས་གསོལ། སློབ་དཔོན་ཤཱཀྱ་འབུམ་ལས་ཕར་ཕྱིན་དང་སྤྱོད་འཇུག་གསན། དགུང་ལོ་བཅོ་བརྒྱད་པར་ཕར་ཕྱིན་གྱི་བཤད་གསར་མཛད། སློབ་དཔོན་ཚུལ་ཁྲིམས་ཤེས་རབ་ལས་ཚད་མ་རྣམ་ངེས་དང་། བྱམས་ཆོས་སྡེ་ལྔ། ས་སྡེ། ཚད་མ་སྡེ་བདུན། དབུ་མ་རིགས་ཚོགས། བསླབ་བཏུས། གསང་སྔགས་ཀྱི་ཆོས་ཚོགས་བཅས་མང་དུ་གསན། ཁྱད་པར་དུ་ཚད་མ་ལ་མཁས་ཤིང་སྟོན་པ་བཟང་པོར་གྲགས། བླ་མ་ས་སྟོན་ལྷ་རིན་ལས་གསང་སྔགས་ཀྱི་རྒྱུད་སྒྲུབ་ཐབས་མང་པོ་དང་། གཡའ་ལུང་མཁན་པོ་ལས་བཀའ་གདམས། མདོ་པོར་ཀརྨ་པ་ལས་ཟབ་ཆོས་རྣམས་གསན་ཏེ་མཁས་པའི་ཕུལ་དུ་ཕྱིན། འཁོར་བ་ལ་ཞེན་པ་ལོག་ནས་ཡུལ་གཞིས་ཐམས་ཅད་བཙོངས་ནས་ཕ་མའི་ཕྱོགས་སུ་འགྱེད་ལན་བཅུ་གཅིག་མཛད། དེ་ནས་ཡོལ་ཕུ་རི་གུང་དུ་ཕེབས་ཏེ་བླ་མ་སངས་རྒྱས་སྟོན་པ་ཆོས་ཀྱི་ཤེས་རབ་ལས་ནི་གུའི་ཆོས་སྐོར་མ་ལུས་པར་ཞུས། ཐུགས་དམ་ཡང་ཤིན་ཏུ་འཕེལ། བླ་མ་དཀོན་སྐྱབས་ལས་སྙིང་ཐིག་ཞུས་པས་ལྟ་སྟངས་མཛད་པ་ཙམ་གྱིས་ཆོས་ཉིད་མངོན་[226]སུམ་གྱི་སྣང་བ་རྒྱ་ཆེན་པོ་ཤར། དེ་ནས་ཙ་རིར་སྒྲུབ་པ་མཛད་ནས་ཉམས་རྟོགས་ཁྱད་དུ་འཕགས་པ་སྐྱེས། དེ་འཇག་ཏུ་བཞུགས་ནས་གཞན་དོན་རྒྱ་ཆེན་པོ་མཛད། སློབ་མ་རྟོགས་ལྡན་ཡང་མང་དུ་བྱུང་ངོ་། དགུང་ལོ་བདུན་ཅུ་རྩ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་གི་མཆོག་ཏུ་གྱུར་བའི་སློབ་མ་ནི་འཇག་པ་རྒྱལ་མཚན་འབུམ་ཡིན།།
- language:
- Tibetan