Skip to main content Skip to search
mkhas grub sangs rgyas ye shes
ID:
T225928
  • མཁས་གྲུབ་སངས་རྒྱས་ཡེ་ཤེས (Tibetan, Tibetan script, Original)
    • > mkhas grub sangs rgyas ye shes (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khedrub sangye yeshe (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གཙང་རོང་གི་ལྷན་དྲུག་བརྒྱར་ཡབ་དགེ་བསྙེན་བླ་མ་རིན་ཆེན་དང་ཡུམ་ཆོས་བསྟན་འེས་བྱ་བའི་སྲས་སུ་རབ་བྱུང་དགུ་པའི་འིང་བྱ་(༡༥༢༥)ལོར་འཁྲུངས། ཡབ་ཡུམ་དེ་གཉིས་ལ་སྲས་བའི་ཡོད་པའི་ཆུང་བ་ཡིན། བྱིས་པའི་དུས་ནས་མཛད་སྤྱོད་ངོ་མཚར་བ་ཡོད་ཅིང་མཚན་ལ་ཆོས་སྐྱབས་རྡོ་རྗེ་འེས་བཏགས། བ་གསོ་ལྷུན་གྲུབ་བདེ་ཆེན་དགོན་དུ་དགེ་བཤེས་ཡོན་ཏན་བཟང་པོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་སངས་རྒྱས་ཡེ་ཤེས་འེས་གསོལ་འིང༌། དགེ་བཤེས་དེའི་དྲུང་ནས་མདོ་སྔགས་ཀྱི་ཆོས་མི་ཉུང་བ་ཞིག་གསན། དགུང་ལོ་བཅོ་ལྔ་པ་ས་ཕག(༡༥༣༩)ལོར་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་མཛད་དེ་རེ་ཞིག་བཞུགས། དེ་ནས་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་དངོས་སློབ་རྟ་ནག་དགེ་འདུན་བློ་བཟང་གི་ཞབས་ལ་གཏུགས་ཏེ་གཞུང་ཆེན་པོ་ལྔའི་སློབ་གཉེར་མཐར་ཕྱིན་པར་མཛད། དགུང་ལོ་ཉེར་དྲུག་པ་ལྕགས་ཁྱི(༡༥༥༠)ལོར་མཁན་ཆེན་དགེ་འདུན་བློ་བཟང་གིས་བསྐོ་གཞག་གནང་བ་ལྟར་བཀྲ་ཤིས་ལྷུན་པོའི་དགེ་བསྐོས་ཀྱི་ཁུར་བཞེས་ཏེ། དགེ་འདུན་རྣམས་ཆོས་ཁྲིམས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་སྐྱོང་བར་མཛད། དེ་ནས་མཁན་ཆེན་དེ་ཉིད་ཀྱིས་བཀའ་སློབ་གནང་བ་ལྟར་དབེན་དགོན་དུ་ཕེབས་ནས་གྲུབ་དབང་དབེན་ས་བློ་བཟང་དོན་གྲུབ་ཀྱི་ཞབས་ལ་གཏུགས་ཏེ་གདམས་པ་འགའ་ཞིག་གསན་ནས་དབུས་ཕྱོགས་སུ་ཕེབས་ཏེ་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ནས་ལོ་ངོ་གཉིས་ཙམ་རིང་རྒྱུད་འགྲེལ་གྱི་བཤད་པ་དང༌། ཆོ་ག་ཕྱག་བཞེས་ཕྲ་རགས་ཐམས་ཅད་ཐུགས་སུ་ཆུད་པ་དང༌། བྱང་ཆུབ་པར་མཛད་དེ་གཙང་ཕྱོགས་སུ་ཕྱིར་ཕེབས། དབེན་དགོན་དུ་བྱོན་ནས་གྲུབ་དབང་དབེན་ས་པ་ཆེན་པོའི་དྲུང་ནས་ལམ་རིམ་དང་བློ་སྦྱོང་གི་ཁྲིད་གསན་ཏེ་ཉམས་བཞེས་དང་མྱོང་བ་ཐོན་པར་མཛད། རྗེ་དེ་ཉིད་ཀྱིས་ལུང་བསྟན་པ་ལྟར་ཤངས་མདོ་རི་བོ་དགེ་འཕེལ་དུ་བྱོན་ནས་མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་བསམཁན་པོ་དང༌། སློབ་དཔོན་དགེ་ལེགས་པས་ལས་ཀྱི་སློབ༌དཔོན་མཛད་དེ་དགེ་སློང་གི་སྡོམ་པ་བའེས་ཤིང༌། གཞན༌ཡང་ཆོས་བཀའ་འགའ་ཞིག་གསན་ཏེ་སླར་ཡང་དབེན་དགོན་རང་དུ་སྒྲུབ་པ་ཉམས་བཞེས་གཙོ་བོར་མཛད་པས་༡མས་རྟོགས་ཀྱི་མཐར་སོན། དབེན་ས་པ་ཆེན་པོའི་དྲུང་ནས་དམ་པ་དེ་ཉིད་ལ་བཞུགས་པའི་མདོ་སྔགས་ཀྱི་ཆོས་རྒྱུན་ཡོངས་སུ་རྫོགས་པ་གསན་ཅིང༌། དེ་ནས་དབེན་ས་པ་ཆེན་པོས་བཀའ་ནན་ཕེབས་པ་ལྟར་རེ་ཞིག་ཤངས་མདོ་རི་བོ་དགེ་འཕེལ་གྱི་མཁན་པོའི་ཁྲིར་འཁོད་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་བསྩལ། དགུང་ལོ་ཞེ་གཅིག་པ་རབ་བྱུང་དགུ་པའི་ཤིང་གླང(༡༥༦༥)ལོར་གྲུབ་དབང་དབེན་ས་པ་ཆེན་པོ་སྐུ་གཤེགས་རྗེས་སྒྲུབ་ཁང་དེ་ལ་གཞི་བྱས་ཏེ་དབེན་ས་དགོན་པ་གཙུག་ལག་ཁང་དང༌། གཙང་ཁང༌། མགོན་ཁང༌། བླ་བྲང་དང་བཅས་པ་གསར་བཞེངས་མ། ཛད་དེ་གཙང་ཁང་གི་ནང་གྲུབ་དབང་དབེན་ས་པ་ཆེན་པོའི་སྐུ་དམར་གདུང་གི་འདྲ་སྐུ་བཞེངས་ཏེ་བཞུགས་སུ་གསོལ། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་གཙང་ཕྱོགས་སུ་ཕེབས་པ་དང་སྟབས་འགྲིགས་ནས་རབ་གནས་ལ་གདན་དྲངས། དེ་ནས་སྨནཤེང་ལྷ་བྲིས་པ་བློ་བཟང་རྒྱ་མཚོ་ལ་བཀའ་གནང་ནས་ཁོང་དཔོན་སློབ་རྣམས་ཀྱིས་འདུ་ཁང་གི་ལྡེབས་བྲིས་འགྲན་ཟླ་བྲལ་བ་བཞེངས། དེ་ནས་ལོ་མང་རིང་དབེན་དགོན་དུ་བཞུགས་ཏེ་སློབ་བརྒྱུད་རྣམས་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་སྐྱོང་བར་མཛད། དགུང་ལོ་ང་བརྒྱད་པ་ཆུ་རྟ(༡༥༨༢)ལོར་གའིས་ཀ་བསམ་འགྲུབ་རྩེ་ནས་རེ་བསྐུལ་ཞུས་པ་ལྟར་སླར་ཡང་ཤངས་མདོ་རི་བོ་དགེ་འཕེལ་གྱི་མཁན་པོའི་ཁྲིར་ཕེབས་ཏེ་ལོ་ལྔའི་བར་བསྐྱངས། དེ་ནས་དབེན་དགོན་དུ་ཕྱིར་ཕེབས་མཛད་དེ་སྐུ་ཚེ་ཐ་མའི་བར་རྒྱུན་བཞུགས་མཛད། དད་འདུས་སློབ་མ་རྣམས་ལ་རང་རང་གི་རེ་འདོད་དང་འཚམས་པའི་མདོ་སྔགས་ཀྱི་ཆོས་རྣམས་སྐུ་མཚམས་ཀྱི་བར་གསེང་དང་བསྟུན་ནས་བསྩལ། གསུང་རྩོམ་ཡང<<བླ་མའི་རྣལ་འབྱོར་སྐོར>>དང༌། <<ལམ་རིམ>><<བློ་སྦྱོང>><<གཅོད>>ཀྱི་སྐོར་སོགས་ཕྱོགས་བསྒྲིགས་པོད་ཆེན་པོ་གཅིག་ཡོད། དགུང་ལོ་རེ་བདུན་པ་རབ་བྱུང་བཅུ་པའི་ལྕགས་ཡོས(༡༥༩༡)ལོར་རོང་བྱམས་ཆེན་དུ་ཕེབས་ནས་དེར་སྐུ་གཤེགས། སྐུ་གདུང་དབེན་དགོན་དུ་གདན་དྲངས་ནས་ཞུགས་འབུལ་ཞུས་པར་རྟེན་ངོ་མཚར་ཅན་མང་དུ་བྱོན་པ་རྣམས་གདུང་རྟེན་རྣམ་རྒྱལ་མཆོད་རྟེན་འིག་བའེངས་པའི་ནང་དུ་བཞུགས། རྣམ་ཐར་ལོ་རྒྱུས་སྐོར་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི<<མཁས་གྲུབ་ཆེན་པོ་གསུམ་གྱི་རྟོགས་བརྗོད>>ཀྱི་ཤོག་གྲངས༣༤ནས༥༡བར་ཡོད་པ་དམ་པ་དེའི་གསུང་འབུམ་པོད་ཀ་པའི་ནང་བཞུགས།

language:
Tibetan

2. Thupten Phuntsok Dictionary

གཙང་རོང་གི་ལྷན་དྲུག་བརྒྱར་ཡབ་དགེ་བསྙེན་བླ་མ་རིན་ཆེན་དང་ཡུམ་ཆོས་བསྟན་ཞེས་བྱ་བའི་སྲས་སུ་རབ་བྱུང་དགུ་པའི་ཤིང་བྱ (༡༥༢༥) ལོར་འཁྲུངས། དགུང་ལོ་རེ་བདུན་པ་རབ་བྱུང་བཅུ་པའི་ལྕགས་ཡོས (༡༥༩༡) ལོར་རོང་བྱམས་ཆེན་དུ་ཕེབས་ནས་དེར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དགུ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ 1525 ལོར་གཙང་རོང་གི་ལྷན་དྲུག་བརྒྱར་ཡབ་བླ་མ་རིན་ཆེན་དང་། ཡུམ་ཆོས་བསྟན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ 1590 ལོར་རོང་བྱམས་ཆེན་དུ་སྐུ་གཤེགས། ཁོང་དགུང་ལོ་བཅུ་པར་དགེ་བཤེས་ཡོན་ཏན་བཟང་པོ་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཤིང་མཚན་ལ་ཆོས་སྐྱབས་རྡོ་རྗེ་ཞེས་གསོལ། ཡི་གེའི་སྦྱོར་ཀློག་དང་སུམ་རྟགས་དག་གསུམ། འདོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དེ་ནས་བ་སོ་ལྷུན་གྲུབ་བདེ་ཆེན་དུ་ཕེབས་ཏེ་དགེ་བཤེས་ཡོན་ཏན་བཟང་པོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་མཚན་ལ་སངས་རྒྱས་ཡེ་ཤེས་ཅེས་གསོལ། མཁན་པོ་དེ་ཉིད་ལས་རྡོ་རྗེ་འཇིགས་བྱེད་དང་། གསང་བ་འདུས་པ། མི་བསྐྱོད་པའི་དབང་བཞི་ཡོངས་རྫོགས་དང་། བཀའ་གདམས་གླེགས་བམ་གྱི་ལུང་སོགས་དམ་ཆོས་མང་དུ་ཞུས། དགུང་ལོ་བཅོ་ལྔ་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་རིགས་པའི་དབང་ཕྱུག་བརྩོན་འགྲུས་རྒྱལ་མཚན་ལས་མཚན་[227]ཉིད་གཙོ་བོར་མཛད་པའི་ཆོས་སྐོར་མང་དུ་གསན། རྟ་ནག་པ་དགེ་འདུན་བློ་བཟང་ལས་ཚད་མ་རྣམ་འགྲེལ་དང་། དབུ་མ། ཕར་ཕྱིན། འདུལ་བ། མཛོད་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་དགུང་ལོ་ཉེར་ལྔ་པར་ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ཆེན་དུ་ཕེབས་ཏེ་དཀའ་བཞི་པའི་གྲྭ་སྐོར་མཛད། དགུང་ལོ་ཉེར་དྲུག་པར་བཀྲ་ཤིས་ལྷུན་པོའི་ཆོས་ཁྲིམས་བཟུང་སྟེ་སྒོ་ཀུན་ནས་ལེགས་པར་བསྐྱངས། སྐབས་ཤིག་ལ་གངས་ཅན་ཆོས་འཕེལ་དུ་ཕེབས་ཏེ་པཎ་ཆེན་དོན་ཡོད་རྒྱལ་མཚན་ལས་དོན་བདུན་མའི་ཉམས་ཁྲིད་སོགས་ཆོས་མང་དུ་ཞུས། དེ་ནས་དབུས་སུ་བྱོན་ཏེ་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་གཞུང་དང་ཆོ་ག་ཕྱག་ལེན་བཅས་པར་བྱང་བར་མཛད་ཅིང་དབེན་དགོན་དུ་ཕེབས། དབེན་ས་བློ་བཟང་དོན་གྲུབ་ལ་བསྟེན་ནས་དགེ་ལྡན་སྙན་བརྒྱུད་གཙོ་བོར་མཛད་པའི་ལམ་རིམ་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད་ཅིང་ཡུན་རིང་དུ་སྒྲུབ་པ་ཉམས་ལེན་མཛད་ནས་རྟོགས་པའི་ཡོན་ཏན་ལ་མངའ་བརྙེས། གྲུབ་པའི་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་ལས་བསྙེན་པར་རྫོགས་ཤིང་སྣར་ཐང་བརྒྱ་རྩ་དང་། བཀའ་གདམས་ལྷ་བཞི། ཀུན་རིག་གི་དབང་ལུང་མན་ངག་མང་དུ་ཞུས། དེ་ནས་རི་བོ་དགེ་འཕེལ་གྱི་གདན་སའི་ཁྲི་ལ་བཞུགས་མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད། དགུང་ལོ་ལྔ་བཅུ་ང་བརྒྱད་པར་དབེན་དགོན་གྱི་གདན་ས་བསྐྱངས་ཏེ་སྔར་སྲོལ་བཟང་པོ་མ་ཉམས་པ་མཛད། དགུང་ལོ་དྲུག་ཅུ་རེ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་[228]གྲགས་ཆེ་བ་ནི་བཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་། གནས་རྙིང་འཇམ་དབྱངས། ཇོ་གདན་ནོར་བཟང་རྒྱ་མཚོ། ཤར་རྩེ་ཤཱཀྱ་མཆོག་གྲུབ། བསམ་བློ་ཤེས་རབ་རྒྱལ་མཚན། དཀའ་བཅུ་བློ་བཟང་དཔལ་མགོན། མཁན་པོ་སངས་རྒྱས་ཚུལ་ཁྲིམས། ཆུ་དབར་རིན་ཆེན་དོན་ཡོད་རྒྱ་མཚོ། དབུས་པ་དགེ་ལེགས། ཀོང་སྟོན་འཇམ་དབྱངས་རྒྱལ་པོ། ཞལ་སྔ་འཇམ་དཔལ་རྡོ་རྗེ། གུང་རུ་ཤེས་རབ་བཀྲ་ཤིས། ཆོས་རྗེ་ཆོས་དོན་བཅས་ཡིན་ནོ། ཁོང་གི་གསུང་རྩོམ་ནི《བླ་མའི་རྣལ་འབྱོར》དང་། 《ལམ་རིམ་དམིགས་སྐོར》། 《ལམ་རིམ་ཁྲིད་ཡིག》། 《ལྟ་སྒོམ་སྐྱོད་པའི་སྙིང་པོ》། 《ཞལ་གདམས་བཅུ་གཅིག》། 《དབུ་མའི་ཟིན་བྲིས》། 《ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས》། 《ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་ཚུལ》། 《གཏུམ་པོ་ཁྱུང་ལྔའི་རྗེས་གནང་》། 《སྨྱུང་གནས་ཆོ་ག་དངོས་གྲུབ་ཀུན་འབྱུང་》། 《འཇམ་དབྱངས་ཀྱི་སྒྲུབ་ཐབས》བཅས་ཆོས་ཚན་སུམ་ཅུ་སོ་བརྒྱད་བཞུགས་སོ། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་བཞི་བཅུ་ཞེ་གསུམ་པ་ཡིན་ནོ།།

language:
Tibetan