- mkhas brgyud
- ID:
- T225929
- མཁས་བརྒྱུད (Tibetan, Tibetan script, Original)
- > mkhas brgyud (Tibetan, Latin script, Transliteration-THL Extended Wylie Transliteration)
- > khé gyü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེའི་གོ་དོན་ནི་བསྟན་པ་ཕྱི་དར་གྱི་སྐབས་སྤང་གོང་ཡེ་ཤེས་གཡུང་དྲུང་གིས་གྲུམ་ཡེ་ཤེས་རྒྱལ་མཚན་རབ་ཏུ་བྱུང་ནས་མཁན་སློབ་ཀྱི་གྲྭ་སྟེ་སྡོམ་རྒྱུན་སྤེལ་བའི་གནས་གཞི་བཙུགས་པ་རྣམས་འདུལ་ཁྲིམས་ཤིན་ཏུ་དམ་པས་བཙུན་བརྒྱུད་ཅེས་བརྗོད་པ། སྣུབས་དཔལ་གྱི་བྱང་ཆུབ་དང༌། ཨན་འབར་བ་བྱང་ཆུབ་གཉིས་ཀྱིས་མཁན་སློབ་ཀྱི་གྲྭ་ལོགས་སུ་བཙུགས་ཏེ་དགེ་འདུན་གྱི་ཆེད་དུ་ཞིང་རྨོ་བ། ནོར་ཕྱུགས་བདག་གཉེར་བྱེད་པ། ཉོ་ཚོང་དང༌། བུ་ལོན་གཏོང་བ། སྲིད་དོན་གྱི་ལས་ཀར་ཞུགས་པ་བཅས་བྱས་པ་དེས་ནང་བསྟན་ཆོས་ལུགས་འཕེལ་རྒྱས་ལ་ཕན་ཐོགས་ཆུང་ཡང་མིང་ལ་མཁས་བརྒྱུད་ཅེས་སུ་གྲགས་པའི་ལོ་རྒྱུས<<ནེལ་པ་ཆོས་འབྱུང>>ལྕགས་དཔར་མའི་ཤོག་གྲངས་༣༦ནས༣༧བར་གསལ་བས་དེར་གཟིགས(བོད་ལྗོངས་དཔེ་སྐྲུན་ཁང་ནས༡༩༨༣ལོར་དཔར་སྐྲུན་བྱས་པའི<<མྱང་ཆོས་འབྱུང>>དེབ་གཟུགས་གྲངས༡༥༣ཕྲེང༥པའི་ནང་མཁན་བརྒྱུད་ཅེས་བཅོས་ནོར་བྱུང་བ་ལས་མ་ཡིག་ངོ་མའི་ནང་མཁས་བརྒྱུད་ཅེས་ཡོད་པ་དེ་རང་ལེགས)
- language:
- Tibetan
2. Thupten Phuntsok Dictionary
དེའི་གོ་དོན་ནི་བསྟན་པ་ཕྱི་དར་གྱི་སྐབས་སྤང་གོང་ཡེ་ཤེས་གཡུང་དྲུང་གིས་གྲུམ་ཡེ་ཤེས་རྒྱལ་མཚན་རབ་ཏུ་བྱུང་ནས་མཁན་སློབ་ཀྱི་གྲྭ་སྟེ་སྡོམ་རྒྱུན་སྤེལ་བའི་གནས་གཞི་བཙུགས་པ་རྣམས་འདུལ་ཁྲིམས་ཤིན་ཏུ་དམ་པས་བཙུན་བརྒྱུད་ཅེས་བརྗོད་པ། སྣུབས་དཔལ་གྱི་བྱང་ཆུབ་དང་། ཨན་འབར་བ་བྱང་ཆུབ་གཉིས་ཀྱིས་མཁན་སློབ་ཀྱི་གྲྭ་ལོགས་སུ་བཙུགས་ཏེ་དགེ་འདུན་གྱི་ཆེད་དུ་ཞིང་རྨོ་བ། ནོར་ཕྱུགས་བདག་གཉེར་བྱེད་པ། ཉོ་ཚོང་དང་། བུ་ལོན་གཏོང་བ། སྲིད་དོན་གྱི་ལས་ཀར་ཞུགས་པ་བཅས་བྱས་པ་དེས་ནང་བསྟན་ཆོས་ལུགས་འཕེལ་རྒྱས་ལ་ཕན་ཐོགས་ཆུང་ཡང་མིང་ལས་བརྒྱུད་ཅེས་སུ་གྲགས།
- language:
- Tibetan