Skip to main content Skip to search
mkhas pa sgo drug
ID:
T225933
  • མཁས་པ་སྒོ་དྲུག (Tibetan, Tibetan script, Original)
    • > mkhas pa sgo drug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khepa go druk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཏཱ་ར་ནཱ་ཐའི<<རྒྱ་གར་ཆོས་འབྱུང་>>ལས་གསུངས་པ་གཞིར་བཟུང་ན། རྒྱལ་པོ་མ་ཧཱ་པཱ་ལའི་བུ་ཆེ་བ་སྲེ་ཐཱ་པཱ་ལ་ཡིན་ཅིང༌། དེས་རྒྱལ་སྲིད་བཟུང་ནས་ལོ་གསུམ་སོང་མཚམས་སུ་འདས་ཤིང་བུ་ཆུང་བ་སྙེ་ཡ་པཱ་ལ་ལོ་བཅུ་བདུན་ལས་མ་ལོན་པས་རྒྱལ་པོའི་ཞང་པོ་བྲམ་ཟེ་ཙ་ན་ཀས་ལོ་ཉི་ཤུ་རྩ་དགུ(བོད་ཀྱི་རབ་བྱུང་གོང་གི་དྲུག་ཅུ་སྐོར་དང་པོའི་ས་སྟག༩༧༨ལོ་ནས་མེ་རྟ༡༠༠༦ལོ)བར་སྲིད་དབང་བཟུང་བ་དེའི་རིང་རྒྱ་གར་གྱི་ནང་བསྟན་ཆོས་ལུགས་ཀྱི་གནས་གཞི་ཆེ་གྲས་བི་ཀྲ་མ་ལ་ཤི་ལ་ཞེས་པའི་ཀདན་ས་དེར་རྒྱུན་དུ་མུ་སྟེགས་པ་འོང་ནས་ནང་པའི་པཟླི་ཏ་དང་རྩོད་པ་བྱེད་ཀྱི་ཡོད་པས་གལ་ཏེ་རྩོད་པ་ཕམ་ན་ནང་པའི་གནས་གཞི་དང༌། ལྷ་ཁང་སོགས་ཕྲོགས་པ་མ་ཟད། ས་གནས་དེ་དང་གཞན་དག་ལ་ཡོད་པའི་ནང་པ་ཐམས་ཅད་ཆོས་ལུགས་མུ་སྟེགས་པར་བསྒྱུར་དུ་འཇུག་གི་ཡོད་པར་བརྟེན་བི་ཀཱ་མ་ལ་ཤི་ལའི་ལྕགས་རིའི་ཕྱོགས་བཞིར་སྒོ་སྲུང་མཁས་པ་ཆེན་པོ་རེ་དང༌། དབུས་སུ་ཀ་ཆེན་གཉིས་བཅས་སྒོ་སྲུང་དྲུག་རེ་བསྐོ་གཞག་གནང་སྲོལ་བྱུང་ཞིང༌། ༡ཤར་སྒོ་སྲུང་བ་པཎ་ཆེན་རཧྥ་ཨ་ཀ་ར་ཤརྙི་ཞེས་པ་བོད་སྐད་དུ་རིན་ཆེན་འབྱུང་གནས་ཞི་བ། ༢་ལྷོ་སྐོ་སྲུང་བ་པྲརྙོ་ཀ་ར་གུསྟ་སྟེ་ཤེར་འབྱུང་སྦས་པ། ༣་ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ། ༤བྱང་སྒོ་སྲུང་བ་པཎ་ཆེན་ནཱ་རོ་པ་བཅས་དང༌། ༥་དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ། ༦དབུས་ཀྱི་ཀ་ཆེན་གཉིས་པ་ཛཱ་ན་ཤི་མི་ཏྲ་བཅས་ཀྱིས་མཛད་པ་ཡིན། པཟླི་ཏ་དེ་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས་གཤམ་གསལ་རང་རང་སོ་སོའི་མཚན་གྱི་སྐབས་སུ་གསལ་བས་དེར་གཟིགས། གཞན་ཡང་མཁས་པ་སྒོ་སྲུང་དྲུག་ཅེས་ཀྱང་བརྗོད་སྲོལ་འདུག

language:
Tibetan

2. Thupten Phuntsok Dictionary

ཏཱ་ར་ནཱ་ཐའིརྒྱ་གར་ཆོས་འབྱུང》ལས་གསུངས་པ་གཞིར་བཟུང་ན། རྒྱལ་པོ་མ་ཧཱ་པཱ་ལའི་བུ་ཆེ་བ་སྲེ་ཥྚ་པཱ་ལ་ཡིན་ཅིང་། དེས་རྒྱལ་སྲིད་བཟུང་ནས་ལོ་གསུམ་སོང་མཚམས་སུ་འདས་ཤིང་བུ་ཆུང་བ་བྷེ་ཡ་པཱ་ལ་ལོ་བཅུ་བདུན་ལས་མ་ལོན་པས་རྒྱལ་པོའི་ཞང་པོ་བྲམ་ཟེ་ཙམ་ན་ཀས་ལོ་ཉི་ཤུ་རྩ་དགུ (བོད་ཀྱི་རབ་བྱུང་གོང་གི་དྲུག་ཅུ་སྐོར་དང་པོའི་ས་སྟག༩༧༨ལོ་ནས་མེ་རྟ༡༠༠༦ལོ) བར་སྲིད་དབང་བཟུང་བ་དེའི་རིང་རྒྱ་གར་གྱི་ནང་བསྟན་ཆོས་ལུགས་ཀྱི་གནས་གཞི་ཆེ་གྲས་བི་ཀྲ་མ་ལ་ཤཱི་ལ་ཞེས་པའི་གདན་ས་དེར་རྒྱུན་དུ་མུ་སྟེགས་པ་འོང་ནས་ནང་པའི་པཎྜི་ཏ་དང་རྩོད་པ་བྱེད་ཀྱི་ཡོད་པས་གལ་ཏེ་རྩོད་པ་ཕམ་ན་ནང་པའི་གནས་གཞི་དང་། ལྷ་ཁང་སོགས་ཕྲོགས་པ་མ་ཟད། ས་གནས་དེ་དང་གཞན་དག་ལ་ཡོད་པའི་ནང་པ་ཐམས་ཅད་ལུགས་མུ་སྟེགས་པར་བསྒྱུར་དུ་འཇུག་གི་ཡོད་པར་བརྟེན་བི་ཀྲ་མ་ལ་ཤཱི་ལའི་ལྕགས་རིའི་ཕྱོགས་བཞིར་སྒོ་སྲུང་མཁས་པ་ཆེན་པོ་རེ་དང་། དབུས་སུ་ཀ་ཆེན་གཉིས་བཅས་སྒོ་སྲུང་དྲུག་རེ་བསྐོ་གཞག་གནང་སྲོལ་བྱུང་ཞིང་། ༡ ཤར་སྒོ་སྲུང་བ་པཎ་ཆེན་རཏྣ་ཨ་ཀ་ར་ཤནྟི་ཞེས་པ་བོད་སྐད་དུ་རིན་ཆེན་འབྱུང་གནས་ཞི་བ། ༢ ལྷོ་སྒོ་སྲུང་བ་པྲཛྙ་ཀ་ར་གུཔྟ་སྟེ་ཤེར་འབྱུང་སྦས་པ། ༣ ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ། ༤ བྱང་སྒོ་སྲུང་བ་པཎ་ཆེན་ནཱ་རོ་པ་བཅས་དང་། ༥ དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ། ༦ དབུས་ཀྱི་ཀ་ཆེན་གཉིས་པ་ཛྙ་ན་ཤཱི་མི་ཏྲ་བཅས་ཀྱིས་མཛད་པ་ཡིན། པཎྜི་ཏ་དེ་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས་གཤམ་གསལ་རང་རང་སོ་སོའི་མཚན་གྱི་སྐབས་སུ་གསལ་བས་དེར་གཟིགས། གཞན་ཡང་མཁས་པ་སྒོ་སྲུང་དྲུག་ཅེས་ཀྱང་བརྗོད་སྲོལ་འདུག

language:
Tibetan