Skip to main content Skip to search
mkhas pa chen po dz+nya na shrI
ID:
T225935
  • མཁས་པ་ཆེན་པོ་ཛྙ་ན་ཤྲཱི (Tibetan, Tibetan script, Original)
    • > mkhas pa chen po dz+nya na shrI (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khepa chenpo dznya(?) na shri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱ་གར་གྱི་ནང་པའི་གནས་གཞི་ཆེ་གྲས་བི་ཀཱ་ལ་ཤཱི་ལའི་དབུས་ཀྱི་ཀ་ཆེན་གཉིས་པ་ཡིན། རབ་བྱུང་དང་པོའི་གོང་གི་དྲུག་ཅུ་སྐོར་དང་པོ་མེ་ཡོས (༩༦༧) ལོ་ནས་རབ་བྱུང་དང་པོའི་དཀྱིལ་ལྕགས་སྟག (༡༠༥༠) ལོ་བར་གྱི་དུས་སྐབས་དེར་བྱུང་། ཇོ་བོ་རྗེ་ཨ་ཏི་ཤའི་སྐུ་དྲིན་ཆེ་བའི་བླ་མའི་གྲས་ཡིན། རྒྱ་གར་གྱི་ཤར་ཕྱོགས་གཽཌ་ཡུལ་དུ་འཁྲུངས། ཐོག་མར་ཐེག་པ་ཆེན་པོའི་ཆོས་ཁས་མི་ལེན་པའི་ཉན་ཐོས་སེ་པའི་གྲུབ་མཐའ་འཛིན་པར་མཛད་ཀྱང་། རྗེས་སུ་ཐེག་པ་ཆེན་པོའི་ཆོས་ལ་ཐུགས་དད་འཁྲུངས་ནས་མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་གཉིས་ཀྱི་རྒྱུད་སྡེ་རིགས་མི་འདྲ་བ་མང་པོ་མཁྱེན་པའི་པཎྜི་ཏར་གྱུར། མངོན་ཤེས་ཐོགས་མེད་མངའ་བས་འབྱུང་འགྱུར་འཕྲལ་འཕྲལ་དུ་ལུང་སྟོན་པར་མཛད། མངའ་རིས་སུ་བསྟན་པ་ཕྱི་དར་འགོ་ཚུགས་རྗེས་བོད་དུ་ཡང་བྱོན། སློབ་དཔོན་འདིས་མཛད་པའིམཐའ་གཉིས་སེལ་བ》ཞེས་པ་ཞིག་ཡོད་ཚུལརྒྱ་གར་ཆོས་འབྱུང》འདིར་གསུངས།

language:
Tibetan