- mkhas dbang ngag dbang chos grags
- ID:
- T225945
- མཁས་དབང་ངག་དབང་ཆོས་གྲགས (Tibetan, Tibetan script, Original)
- > mkhas dbang ngag dbang chos grags (Tibetan, Latin script, Transliteration-THL Extended Wylie Transliteration)
- > khewang ngawang chödrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མཁས་དབང་འདི་ཉིད་ནི་སྟོད་ལུང་གཡུ་ཐོག་ཁང་གསར་ཞེས་པར་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི(༡༩༠༠)ལོར་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཆུ་བཟང་དགོན་པར་ཆོས་ཞུགས་གནང༌། ལྷ་ས་ལྕགས་པོ་རིར་གསོ་རིག་སློབ་སྦྱོང་མཛད། མེ་འབྲུག(༡༩༡༦)ལོར་ལྷ་ས་སྨན་རྩིས་སློབ་གྲྭ་གསར་འཛུཀས་ཐོག་མཁས་དབང་མཁྱེན་རབ་ནོར་བུས་ལྕཀས་རི་གྲྭ་ཚང་གི་དབུ་འཛིན་གཅིག་ལྕོགས་གནང་སྐབས་ལྕགས་པོ་རིའི་ཁོངས་ནས་སྨན་སློབ་གསུམ་བསྡུས་པའི་ཁོངས་སུ་ཚུད། ཆུ་སྤྲེལ(༡༩༣༢)ལོར་ལྷ་སྡིངས་མདའ་དཔོན་དང་མཉམ་དུ་ཆབ་མདོར་ཕེབས་ནས་བོད་དམག་དམཀ་སྒར་ཞིག་གི་སྨན་པ་ལོ་ལྔ་དྲུག་ཙམ་གནང༌། སྟག(༡༩༣༨)ལོར་ལྕགས་པོ་རིའི་སྨན་པའི་དགེ་རྒན་དུ་བསྐོ་གཞག་བྱུང་སྟེ་ལྷ་སར་ཕྱིར་ཕེབས་ཀྱིས་སྔ་རྟིང་དུ་ལྕགས་རིའི་དཔལ་སྡིངས་གཞིས་འཛིན་དང་རྒྱལ་ཟུར་རྭ་སྒྲེང་གི་བླ་སྨན་པ་གནང་ཞིང༌། མེ་སྤྲེལ(༡༩༥༦)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་བླ་སྨན་པ་དང་རྩེ་དྲུང་ལས་ཚན་རིམ་པ་ལྔ་པའི་གོ་གནས་ཐོབ། ས་ཕག(༡༩༥༩)ལོར་ལྷ་ས་སྨན་རྩིས་ཁང་དུ་གདན་ཞུས་ཀྱིས་སྨན་བཅོས་ལས་དོན་ནང་བཞུགས། ཆུ་སྟག(༡༩༦༣)ལོར་སྨན་རྩིས་ཁང་གི་དབུ་འཛིན་གཞོན་པ་དང་གྲོང་ཁྱེར་ལྷ་ས་སྲིད་གྲོས་ཀྱི་ཨུ་ཡོན་གནང༌། དེ་སྐབས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཉམས་མྱོང<<ཕོ་ནད་བཅོས་ཐབས>>ཞེས་པ་རྩོམ་སྒྲིག་མཛད། དེ་རྗེས་སྨན་རྩིས་ཁང་གི་དབུ་འཛིན་གཞོན་པའི་ཐོག་གཙོ་བཅོས་དགེ་རྒན་སྨན་པའི་ལག་རྩལ་གོ་མིང་ཡང་བཞེ་མུར་དགུང་གྲངས་བརྒྱད་ཅུར་ཕེབས་པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་བྱ(༡༩༨༡)ལོའི་ཟླ༨ཚེས༣ལ་དགོངས་པ་རྫོགས་སོ། །
- language:
- Tibetan
2. Thupten Phuntsok Dictionary
མཁས་དབང་འདི་ཉིད་ནི་སྟོད་ལུང་གཡུ་ཐོག་ཁང་གསར་ཞེས་པར་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི (༡༩༠༠) ལོར་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཆུ་བཟང་དགོན་པར་ཆོས་ཞུགས་གནང་། ལྷ་ས་ལྕགས་པོ་རིར་གསོ་རིག་སློབ་སྦྱོང་མཛད། དགུང་གྲངས་བརྒྱད་ཅུར་ཕེབས་པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་བྱ (༡༩༨༡) ལོའི་ཟླ༨ཚེས༣ལ་དགོངས་པ་རྫོགས་སོ། །
- language:
- Tibetan