- mkhas btsun chen po nam mkha' legs pa
- ID:
- T225948
- མཁས་བཙུན་ཆེན་པོ་ནམ་མཁའ་ལེགས་པ (Tibetan, Tibetan script, Original)
- > mkhas btsun chen po nam mkha' legs pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > khé tsün chenpo namkha lekpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ས་སྐྱའི་གདུང་རྒྱུད་བླ་བྲང་ཁག་བཞི(༡་གཞི་ཐོག་བླ་བྲང༌། ༢རིན་ཆེན་སྒང་བླ་བྲང༌། ༣་ལྷ་ཁང་བླ་བྲང༌། ༤དུས་མཆོད་བླ་བྲང)བྱུང་བའི་ནང་གསེས་གཞི་ཐོག་བླ་བྲང་གི་གདུང་རྒྱུད་དང་པོ་ཡིན། ཡབ་བདག་ཉིང་ཆེན་པོ་བཟང་པོ་དཔལ་དང༌། ཡུམ་གླང་མཚོའི་ན་སྤེ་མ་གཅིག་ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཤིང་སྦྲུལ(༡༣༠༥)ལོར་འཁྲུངས། སྲས་གསུམ་མམ་བཞི་ཡོད་པའི་ཆེ་བ་ཡིན། གཞོན་ནུའི་དུས་ནས་མཁྱེན་རབ་ཀྱི་རྩལ་ཆེ་ཞིང་གསུང་རྩོམ་ཡང་མི་ཉུང་བ་ཞིག་མཛད་ཡོད། ཡོན་རྒྱལ་རབས་ཀྱི་གོང་མ་ཀོ་ས་ལི་གུ་ཐུག་རྒྱལ་པོས་བཀྭན་ཏིང་གོ་ཤིའི་གོ་གནས་དང་ཤེལ་དམ་གནང༌། གཞི་ཐོག་བླ་བྲང་གི་བདག་པོར་བཞུགས་ཐོག དགུང་ལོ་ཉི་ཤུ་པ་རབ་བྱུང་ལྔ་པའི་ཤིང་གླང(༡༣༢༥)ལོར་ས་སྐྱའི་གདན་སར་ཕེབས་ཏེ་ལོ་བཅུ་དགུའི་རིང་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་བསྐྱངས། དགུང་ལོ་སོ་དགུ་པ་རབ་བྱུང་དྲུག་པའི་ཆུ་ལུག(༡༣༤༣)ལོར་གཞི་ཐོག་བླ་བྲང་དུ་སྐུ་གཤེགས། ལོ་རྒྱུས་མདོར་ཙམ་བདག་ཆེན་ཨ་མྱེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི<<ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད>>ལྕགས་དཔར་མའི་ཤོག་གྲངས༢༥༤ནས༢༥༥བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
ས་སྐྱའི་གདུང་རྒྱུད་བླ་བྲང་ཁག་བཞི (༡ གཞི་ཐོག་བླ་བྲང་། ༢ རིན་ཆེན་སྒང་བླ་བྲང་། ༣ ལྷ་ཁང་བླ་བྲང་། ༤ དུས་མཆོད་བླ་བྲང) བྱུང་བའི་ནང་གསེས་གཞི་ཐོག་བླ་བྲང་གི་གདུང་རྒྱུད་དང་པོ་ཡིན། ཡབ་བདག་ཉིད་ཆེན་པོ་བཟང་པོ་དཔལ་དང་། ཡུམ་གླང་མཚོའི་ན་སྤེ་མ་གཅིག་ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཤིང་སྦྲུལ (༡༣༠༥) ལོར་འཁྲུངས། སྲས་གསུམ་མམ་བཞི་ཡོད་པའི་ཆེ་བ་ཡིན། གཞོན་ནུའི་དུས་ནས་མཁྱེན་རབ་ཀྱི་རྩལ་ཆེ་ཞིང་གསུང་རྩོམ་ཡང་མི་ཉུང་བ་ཞིག་མཛད་ཡོད། ཡོན་རྒྱལ་རབས་ཀྱི་གོང་མ་ཀོ་ས་ལི་གུ་ཐུག་རྒྱལ་པོས་བཀྭན་ཏིང་གཽ་ཤྲིའི་གོ་གནས་དང་ཤེལ་དམ་གནང་། གཞི་ཐོག་བླ་བྲང་གི་བདག་པོར་བཞུགས་ཐོག དགུང་ལོ་ཉི་ཤུ་པ་རབ་བྱུང་ལྔ་པའི་ཤིང་གླང (༡༣༢༥) ལོར་ས་སྐྱའི་གདན་སར་ཕེབས་ཏེ་ལོ་བཅུ་དགུའི་རིང་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་བསྐྱངས། དགུང་ལོ་སོ་དགུ་པ་རབ་བྱུང་དྲུག་པའི་ཆུ་ལུག (༡༣༤༣) ལོར་གཞི་ཐོག་བླང་བྲང་དུ་སྐུ་གཤེགས།
- language:
- Tibetan