- mkho ba'i gos
- ID:
- T225972
- མཁོ་བའི་གོས (Tibetan, Tibetan script, Original)
- > mkho ba'i gos (Tibetan, Latin script, Transliteration-THL Extended Wylie Transliteration)
- > khowé gö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རབ་བྱུང་དགེ་ཚུལ་རྣམས་ལ་ཆོས་གོས་དང༌། བླ་གོས། ཤམ་ཐབས། གདིང་བ་བཅས་དང༌། དགེ་སློང་རྣམས་ལ་གོང་གསལ་གྱི་སྟེང་དུ་སྣམ་སྦྱར་དང༌། དབྱར་གྱི་གོས་རས་ཆེན་སོགས་ཡོད་པ་དེ་རྣམས་མེད་དུ་མི་རུང་བའི་གོས་ཡིན་པས་ན་མཁོ་བའི་གོས་ཞེས་བརྗོད་པ་ཡིན། མཁོ་བའི་ཡོ་བྱད། རབ་བྱུང་དགེ་སློང་ལ་ངེས་པར་དུ་ཚང་དགོས་པའི་ཡོ་བྱད་ཀྱི་རིགས་ཏེ། ༡་བླ་གོས། ༢་མཐང་གོས། ༣་སྣམ་སྦྱར། ༤ཤམ་ཐབས། ༥་ཤམ་ཐབས་ཀྱི་གཟན། ༦རྔུལ་གཟན༧་རྔུལ་གཟན་གྱི་གཟན། ༨་གདོང་ཕྱིས། ༩་རྣག་གཟན། ༡༠་གཡབ་པ་དགབ་པ། ༡༡་སྐྲ་གཟེད། ༡༢་གདིང་བ། ༡༣‘དབྱར་གྱི་གོས་རས་ཆེན་བཅས་ཡིན། དེ་རྣམས་ཀྱི་ངོ་བོ་དང༌། ཚད་གཞི། ཁ་དོག་བཅས་གཤམ་གསལ་མིང་ཆི། ག་སོ་སོའི་ཐད་དུ་བཀོད་ཡོད།
- language:
- Tibetan
2. Thupten Phuntsok Dictionary
རབ་བྱུང་དགེ་ཚུལ་རྣམས་ལ་ཆོས་གོས་དང་། བླ་གོས། ཤམ་ཐབས། གདིང་བ་བཅས་དང་། དགེ་སློང་རྣམས་ལ་གོང་གསལ་གྱི་སྟེང་དུ་སྣམ་སྦྱར་དང་། དབྱར་གྱི་གོས་རས་ཆེན་སོགས་ཡོད་པ་དེ་རྣམས་མེད་དུ་མི་རུང་བའི་གོས་ཡིན་པས་ན་མཁོ་བའི་གོས་ཞེས་བརྗོད་པ་ཡིན།
- language:
- Tibetan