Skip to main content Skip to search
mkhyen lugs
ID:
T225981
  • མཁྱེན་ལུགས (Tibetan, Tibetan script, Original)
    • > mkhyen lugs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khyen luk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོདཀྱིརྒྱུན་སྲོལ་རི་མོའི་མཁས་དབང་སྨན་ཐང་པ་དང་མཁྱེན་བརྩེ་ཆེན་མོ་ཀཉིས་སུ་གྲགས་པའི་ནང་གསེས་མཁྱེན་ལུགས་ཀྱི་རི་མོའི་འབྲི་སྲོལ་གསར་གཏོད་གནང་མཁན་གོང་དཀར་སྒང་སྟོད་པ་མཁྱེན་བརྩེའི་ཕྱག་སྲོལ་གྱི་རི་མོ་ལ་མཁྱེན་ལུགས་ཟེར། མཁྱེན་བརྩེ་ཆེན་མོའི་འཁྲུངས་ཡུལ་གོང་དཀར་སྒང་སྟོད་ཡིན་ཅིང༌། འཁྲུངས་ལོ་ཞིབ་གསལ་མ་རྙེད་ཀྱང་ས་སྐྱའི་བསྟན་འཛིན་ཆེན་པོ་ཐོན་མི་ཀུན་དགའ་རྣམ་རྒྱལ་གྱིས་དགུང་ལོ་སོ་གསུམ་པ་རབ་བྱུང་བརྒྱད་པའི་ཤིང་སྤྲེལ(༡༤༦༤)ལོར་གོང་དཀར་རྡོ་རྗེ་གདན(ཡོངས་གྲགས་སུ་གོང་དཀར་ཆོས་སྡེ་ཟེར་བ་དེ་ཡིན)གྱི་དགོན་པ་ཕྱག་བཏབ་ནས་འདུ་ཁང་གི་ལྡེབས་བྲིས་དཔག་བསམ་འཁྲི་ཤིང་དང༌། གྲུབ་ཆེན་བརྒྱད་ཅུ་སོགས་མཁྱེན་བརྩེ་ཆེན་མོ་སྐུ་དངོས་ཀྱིས་འབྲི་གནང་མཛད་པའི་ལོ་རྒྱུས་ཡོད་པ་དེ་གའིར་བཟུང་ན་སྐབས་དེར་མཁས་དབང་མཆོག་དེ་ཉིད་དགུང་ལོ་སུམ་ཅུ་ལྷག་ཙམ་ལ་ཕེབས་ཚོད་ཡིན་པས་དུས་རབས་བཅོ་ལྔ་པའི་མགོར་སྐུ་འཁྲུངས་པ་ཡིན་ངེས་སྙམ། མཁས་དབང་དེ་ཉིད་སྐུ་ན་ཕྲ་མོའི་དུས་ནས་ཆེད་དུ་སློབ་མཁན་མེད་པར་རི་མོ་ལ་མཁས་ཤིང༌། རི་མོའི་ལག་རྩལ་ལ་ཐུགས་མཉེས་པོ་ཡོད་སྟབས་རྡོ་པ་བཀྲ་ཤིས་རྒྱལ་པོ་དགེ་རྒན་དུ་བསྟེན་ནས་རི་མོའི་འབྲི་རྩལ་ལ་སྦྱངས་པ་མཐར་ཕྱིན་མཛད་རྗེས་རིང་པོར་མ་སོང་བར་རི་མོའི་སྒྱུ་རྩལ་ཐད་སློབ་དཔོན་ལས་ལྷག་པའི་གསར་གཏོད་ཐུབ་པ་བྱུང་ཞིང༌། ལྷག་པར་ཡི་དམ་དང་སྲུང་མ་ཁྲོ་བོའི་རིགས་ཀྱི་སྐུའི་ཉམས་འགྱུར་དང༌། རྒྱན་འགྲོས་ཚོན་མདངས་སོགས་གཞན་དང་མི་འདྲ་བའི་ཁྱད་ཆོས་འགྲན་ཟླ་བྲལ་བ་ཞིག་ཡོད། ཁོང་གིས་འབྲི་གནང་མཛད་པའི་གོང་དཀར་ཆོས་སྡེའི་འདུ་ཁང་གི་དཔག་བསམ་འཁྲི་ཤིང་གི་ལྡེབས་བྲིས་དང༌། དབུ་རྩེའི་ཡི་དམ་ཁང་གི་ལྡེབས་བྲིས་བཅས་ཡོད་པ་རྣམས་དེ་སྔོན་རབ་བྱུང་བཅོ་ལྔ་པའི་ས་རྟ(༡༩༡༨)ལོར་ཀ་ཐོག་སི་ཏུ་རིན་པོ་ཆེ་དབུས་གཙང་གནས་བསྐོར་དུ་ཕེབས་སྐབས་གོང་གསལ་ལྡེབས་བྲིས་རྣམས་གཟིགས་ཚུལ<<གནས་ཡིག>>ནང་གསུངས་འདུག་ཅིང༌། མཁྱེན་ལུགས་ཀྱི་རི་མོའི་ཁྱད་ཆོས་ནི་ཡི་དམ་ཆོས་སྲུང་ཁྲོ་བོའི་རིགས་ཀྱི་འབྲི་རྩལ་ཕུན་སུམ་ཚོགས་པ་ཞིག་ཡིན་པར<<ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རང་རྣམ>>པོད་གཉིས་པའི་ནང་ལྕགས་ཁྱི(༡༦༧༠)ལོར་རྡོ་རྗེ་ཕྲེང་བའི་དཀྱིལ་ཐང་བའེངས་ཚུལ་རྣམས་གསུངས་སྐབས་སྨན་མཁྱེན་གཉིས་ཀྱི་ལྷ་སྐུ་འི་ཁྲོའི་འབྲི་རྩལ་གྱི་ཁྱད་ཆོས་མི་འདྲ་བའི་སྐོར་གསལ་བཤད་མཛད་པའི་ཐད་ལ་གསལ། ཕྱོགས་མཚུངས་མཁྱེན་བརྩེ་ཆེན་མོ་ལྷ་བྲིས་ལ་ཧ་ཅང་བྱང་ཆུབ་པ་ཡོད་སྟབས། འབུར་སྐུ་བཞེངས་པའི་ཕྱག་རྩལ་ཀྱང་འགྲན་ཟླ་བྲལ་བ་ཡོད་པ་ནི་དམ་པ་དེས་བའེངས་པའི་གོང་དཀར་ཆོས་སྡེའི་འདུ་ཁང་སྦུག་གི་ཐུབ་དབང་ཉེ་སྲས་བརྒྱད་དང་བཅས་པ་དང༌། མཆོག་ཟུང་གཉིས། ཀུན་དགའ་བོ་མ་འགག་པ། ཡབ་དང་ཡུམ། ཚངས་པ་བརྒྱ་བྱིན། སྒོ་སྲུང་ཁྲོ་བོ་གཉིས་དང་བཅས་པ་དང༌། བླ་མ་ལྷ་ཁང་གི་ལམ་འབྲས་བླ་བརྒྱུད་ཀྱི་སྐུ་རྣམས་གསོན་ཉམས་ཤིན་ཏུ་དོད་པའི་ཕྱག་རྩལ་ཡིད་དབང་འཕྲོག་པ་ཡོད་ཚུལ་གོང་གསལ་<<ཀ་ཐོག་དབུས་གཙང་གནས་ཡིག>>སྡེ་དགེ་དཔར་མའི་ཤོག་གྲངས༧༧ནས༨༠བར་གསལ་བ་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

བོད་ཀྱི་རྒྱུན་སྲོལ་རི་མོའི་མཁས་དབང་སྨན་ཐང་པ་དང་མཁྱེན་བརྩེ་ཆེན་མོ་གཉིས་སུ་གྲགས་པའི་ནང་གསེས་མཁྱེན་ལུགས་ཀྱི་རི་མོའི་འབྲི་སྲོལ་གསར་གཏོད་གནང་མཁན་གོང་དཀར་སྒང་སྟོད་པ་མཁྱེན་བརྩེའི་ཕྱག་སྲོལ་གྱི་རི་མོ་ལ་མཁྱེན་ལུགས་ཟེར།Š

language:
Tibetan