Skip to main content Skip to search
mkhris pa sgrub byed
ID:
T226006
  • མཁྲིས་པ་སྒྲུབ་བྱེད (Tibetan, Tibetan script, Original)
    • > mkhris pa sgrub byed (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tripa drubjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བྱེད་ལས་ལ་བལྟོས་ནས་བཏགས་པའི་ལུས་ཀྱི་རྩ་བའི་མཁྲིས་པ་ལྔའི་ཡ་གྱལ་སྙིང་གི་ཆར་གནས་པའི་མཁྲིས་པའི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། མཁྲིས་པ་སྒྲུབ་བྱེད་ཅེས་བྱ་བ་ནི་སྙིང་ལ་གནས་པ་སྟེ། དེ་དག་གི་ལས་ནི་བསྒྲུབ་པར་བྱ་བའི་དོན་ལ་ཡིད་གཞུང་བ་དང་། ང་རྒྱལ་བསྐྱེད་པ་དང་། བློ་གྲོས་དང་འདོད་པ་བསྒྲུབ་པ་ལ་བརྩོན་པར་བྱེད་པའོ། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། མཁྲིས་པ་སྒྲུབ་བྱེད་ནི་སེམས་ཀྱི་བྱ་བ་མཐའ་དག་སྒྲུབ་པའི་འདོད་དོན་བརྩོན་པར་བྱེད་པས་ན་སྒྲུབ་བྱེད། ཅེས་གསུངས་པ་ལྟར་རོ། །

language:
Tibetan