- mkhris pa mthong byed
- ID:
- T226009
- མཁྲིས་པ་མཐོང་བྱེད (Tibetan, Tibetan script, Original)
- > mkhris pa mthong byed (Tibetan, Latin script, Transliteration-THL Extended Wylie Transliteration)
- > tripa tong jé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བྱེད་ལས་ལ་བལྟོས་ནས་བཏགས་པའི་ལུས་ཀྱི་རྩ་བའི་མཁྲིས་པ་ལྔའི་ཡ་གྱལ་མིག་གི་ཆར་གནས་པའི་མཁྲིས་པའི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། མཁྲིས་པ་མདངས་སྒྱུར་ཞེས་བྱ་བ་ནི་མཆིན་པ་ལ་གནས་པ་སྟེ། དེའི་ལས་ནི་ལུས་ཟུངས་བདུན་གྱི་ཐོག་མ་དྭངས་རང་དང་སོགས་པའི་ཁོང་ནས་ཁྲག་སྟེ། དེ་གཉིས་པོའི་ཁ་དོག་མ་ལུས་པ་དམར་པོར་སྒྱུར་བར་བྱེད་པའོ། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། མཁྲིས་པ་མདངས་སྒྱུར་ནི། ལུས་ཟུངས་བདུན་པོ་རང་རང་གི་ཁ་དོག་རྣམས་རིམ་བཞིན་མདངས་སྒྱུར་བར་བྱེད་པས་ན་མདངས་སྒྱུར་ཞེས་ཟེར་ཏེ། སྔར་འགྲེལ་འགར་དམར་པོར་སྒྱུར་བ་ལས་གཞན་མ་གསུངས་ནའང་། ཁོ་བོས་ནི་ལུས་ཟུངས་ཡོངས་ཀྱི་མདངས་སྒྱུར་བ་ལ་འདོད་དེ། བཤད་པ་སྐུའི་སྒྱུར་བ་ལ་འདོད་དེ། བཤད་པ་སྐུའི་རྒྱུད་ལས། གནས་པ་སྟེ། དྭངས་མ་ལ་སོགས་ཁ་དོག་མ་ལུས་སྒྱུར། ཞེས་གསུངས་པ་ལྟ་བུའོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan