Skip to main content Skip to search
mkhris pa mdog gsal
ID:
T226013
  • མཁྲིས་པ་མདོག་གསལ (Tibetan, Tibetan script, Original)
    • > mkhris pa mdog gsal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tripa dok sal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བྱེད་ལས་ལ་བལྟོས་ནས་བཏགས་པའི་ལུས་ཀྱི་རྩ་བའི་མཁྲིས་པ་ལྔའི་ཡ་གྱལ་པགས་པའི་ཆར་གནས་པའི་མཁྲིས་པའི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། མཁྲིས་པ་མདོག་གསལ་ཞེས་བྱ་བ་ནི། ལུས་ཀྱི་པགས་པའི་རིམ་པ་རྣམས་ལ་གནས་ཤིང་། ལས་ཀྱང་པགས་པའི་ཆ་ཤས་ཡོད་དོ་ཅོག་གི་མདོག་གསལ་ཞིང་དྭངས་པར་བྱེད་དོ། །ཞེས་དང་། དཔལ་སྤུངས་དབོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། མཁྲིས་པ་མདོག་གསལ་ནི། ལུས་ཀྱི་པགས་པའི་མདོག་རྣམས་གསལ་བར་བྱེད་པས་ན་མདོག་གསལ་ཞེས་ཟེར་བའོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan