- mkhris pa mdog gsal nad du gyur pa
- ID:
- T226014
- མཁྲིས་པ་མདོག་གསལ་ནད་དུ་གྱུར་པ (Tibetan, Tibetan script, Original)
- > mkhris pa mdog gsal nad du gyur pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tripa dok sal né du gyurpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མཁྲིས་པ་མདོག་གསལ་ནད་དུ་གྱུར་ན་ལུས་ཀྱི་ཤ་དྲོད་ཆེ། ཤ་ལྤགས་སྔོ་ནག་ཆགས་ཤིང་ཚ་ལ་རེག་བྱ་རྩུབ་པ་ཅན་འོང་། མཁྲིས་ནད་དེ་དག་རླུང་ལྔ་པོ་གང་རུང་དང་འདྲེས་ན་རླུང་དེ་དག་གི་ནད་རྟགས་སྟོན་ཅིང་། བད་ཀན་ལྔ་པོ་གང་རུང་དང་འདྲེས་ན་བད་ཀན་སོ་སོའི་ནད་རྟགས་རྣམས་སྟོན་ཡོང་ངོ། དེ་ལྟར་མཁྲིས་ནད་རིགས་ཀྱི་སྒོ་ནས་དབྱེ་ན་བཅུ་གསུམ། གནས་ཀྱི་སྒོ་ནས་དབྱེ་ན་བཅུ་དགུ། བྱེ་བྲག་འཇུ་བྱེད་ལ་སོགས་བཅོ་ལྔ་བཅས་བསྡོམས་པས་ནད་དབྱེ་བ་བཞི་བཅུ་ཞེ་བདུན་ནོ། །
- language:
- Tibetan