Skip to main content Skip to search
'khon klu'i dbang po srung
ID:
T226048
  • འཁོན་ཀླུའི་དབང་པོ་སྲུང (Tibetan, Tibetan script, Original)
    • > 'khon klu'i dbang po srung (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khön lü wangpo sung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་འཁོན་དཔལ་པོ་ཆེའམ། མིང་གཞན་དཀོན་པ་རྗེ་གུང་སྟག་ཏུ་གྲགས་པ་དེས་རླངས་ཁམས་པ་གོ་ཆའི་སྲིང་མོ་རླངས་བཟའ་ནེ་ཆུང་ཁབ་ཏུ་བླངས་ལས་སྲས་གཉིས་འཁྲུངས་པའི་ཆེ་བ་འཁོན་ལོ་ཙཱ་བ་ཀླུའི་དབང་པོ་སྲུང་བ་དང་། ཆུང་བ་རྡོ་རྗེ་རིན་ཆེན་གཉིས་བྱུང་། སྲས་ཆེ་བ་འཁོན་ཀླུའི་དབང་པོ་སྲུང་བ་ནི་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་འཁོན་གྱི་གདུང་རབས་དང་། དེབ་ཐེར་དམར་པོ། དེབ་ཐེར་སྔོན་པོ། རྒྱལ་རབས་གསལ་བའི་མེ་ལོང་། འབྲུག་པ་པདྨ་དཀར་པོའི་ཆོས་འབྱུང་། རྒྱ་བོད་ཡིག་ཚང་བཅས་གྲགས་ཆེ་བ་རྣམས་ལས་སད་མི་བདུན་གྱི་ནང་ཚན་ཡིན་པར་གསུངས་ཤིང་། མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། མཚན་ན་གར་ཀྵྀ་ཏ་སྟེ་བོད་སྐད་དུ་ཀླུའི་དབང་པོ་སྲུང་བ་ཟེར། མཁན་ཆེན་དང་ཞང་པོ་ལས་གསང་སྔགས་ཀྱི་ཆོས་མང་དུ་གསན་ཞིང་། ལོ་ཙཱ་ལེགས་པར་མཁྱེན། བྲག་ཡེར་པར་ཕུག་པ་ཞིག་ཏུ་སྒོམ་སྒྲུབ་ལ་བཞུགས་ནས་གྲུབ་པ་ཐོབ་ཏེ་དྲིལ་བུ་ཕུག་པའི་བར་སྣང་ལ་རྟེན་མེད་དུ་འཇོག་པར་མཛད་པས་ཕུག་པའི་མིང་ལ་དྲིལ་བུ་ཕུག་ཅེས་ཐོགས་ཏེ་ཡེར་པའི་གྲུབ་ཐོབ་བརྒྱ་རྩའི་གྲས་ཡིན་ཅིང་། རབ་ཏུ་བྱུང་བས་སྲས་བརྒྱུད་མེད།

language:
Tibetan