- 'khon gyi brgyud
- ID:
- T226050
- འཁོན་གྱི་བརྒྱུད (Tibetan, Tibetan script, Original)
- > 'khon gyi brgyud (Tibetan, Latin script, Transliteration-THL Extended Wylie Transliteration)
- > khön gyi gyü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ས་སྐྱ་བདག་ཆེན་རིམ་བྱོན་གྱི་གདུང་རྒྱུད་ནི་འཁོན་གྱི་རིགས་རྒྱུད་རིམ་པར་བརྒྱུད་དེ་བྱུང་བ་ཡིན་ཞེས་གསུང་སྲོལ་ཡོད། དེ་ཡང་དཔའ་བོ་གཡའ་སྤང་སྐྱེས་ཀྱིས་སྲིན་པོ་སྐྱ་རེངས་ཁྲག་མེད་དང་འཁོན་ཏེ་སྲིན་པོ་བསད། དེའི་ཆུང་མ་གཡའ་གྲུམ་བསིལ་མ་མཚར་སྡུག་ཕུལ་དུ་བྱུང་བ་དེ་ཁབ་ཏུ་བླངས་པ་ལས་སྲས་ཞིག་བྱུང་བར་མིང་འཁོན་བར་སྐྱེས(འཁོན་གྱི་གདུང་རབས་དང་པོ)སུ་བཏགས། ཡབ་ཡུམ་སྲས་གསུམ་གཡའ་སྤང(མངའ་རིས་ཁུལ)གི་ནུབ་བྱང་ཤེལ་ཚ་རྒྱལ་མོའི་གངས་སུ་གནས་བཅས་ཤིང༌། ལྷོ་ཕྱོགས་སུ་ས་སྐྱའི་གདུང་རྐྱུད་ཀྱི་བླ་མཚོ་འིག་ཀྱང་ཡོད་པར་གྲགས། ལྷ་ཕྲུཀ་འཁོན་བར་སྐྱེས་ཀྱིས་བཙན་བཟའ་ལྕམ་བུ་སྒྲོན་ཁབ་ཏུ་བླངས་པ་ལས་བུ་གཟུགས་དང་ལང་ཚོ་བློ་གྲོས་ལྡན་ཁིང་མཐུ་དང་དཔལ་རྩལ་ཆེ་བ་འིག་བྱུང་བར་མིང་ལ་དརྐོན་པ་རྗེ་གུང་སྟག(འཁོན་གྱི་གདུང་རབས་གཉིས་པ)ཅེས་བཏགས། ནར་སོན་ནས་ཡུལ་འཚོལ་དུ་སོང་བས་ལ་སྟོད་གཉན་རྩེ་ཐར་གྱི་ཡ་ཚང་ལ་ཡུལ་གྱི་དགེ་མཚན་འཛོམས་པར་མཐོང་ནས་གའིས་ཆགས། རིམ་བའིན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་གྱི་རྒོ་གནས་གནང༌། དཔལ་འབྱོར་གྱི་སྟོབས་ཤུགས་གོང་འཕེལ་བྱུང་བས་མིང་ལ་འཁོན་དཔལ་པོ་ཆེ་ཞེས་སྙན་གྲགས་ཀྱིས་ཁྱབ་པ་བྱུང༌། འདིས་རླངས་ལོ་ཙཱ་བ་ཁམས་པ་གོ་ཆའི་སྲིང་མོ་རླངས་བཟའ་ནེ་ཆུང་ཁབ་ཏུ་བླངས་པ་ལས་སྲས་གཉིས་བྱུང་བའི་ཆེ་བ་འཁོན་ལོ་ཙཱ་བ་ཀླུའི་དབང་པོ་སྲུང་དང༌། དེའི་འོག་མ་རྡོ་རྗེ་རིན་ཆེན(འཁོན་གྱི་གདུང་རབས་གསུམ་པ)ཡིན། སྲས་ཆེ་བ་འཁོན་ཀླུའི་དབང་པོ་སྲུང་ནི་མཁན་ཆེན་བོ་རྙི་ས་ཏྭ་ལས་རབ་བྱུང་མཛད་པས་སྲས་མེད། གཅུང་རྡོ་རྗེ་རིན་ཆེན་གྱིས་འབྲོ་ཡུལ་ནས་འབྲོ་དགྲ་འདུལ་གྱི་བུ་མོ་འབྲོ་བཟའ་གཡང་ལོན་སྐྱིད་ཁབ་ཏུ་བའེས་པ་ལས་སྲས་བདུན་བྱུང་བའི་དྲུཀ་པ་ཤེས་རབ་ཡོན་ཏན(འཁོན་གྱི་གདུང་རབས་བཞི་པ)གྱིས་གྲོམ་པ་གཡའ་ལུང་དུ་བཞུགས་ནས་སྲས་གཉིས་བྱུང༌། ཆེ་བ་ཡོན་ཏན་འབྱུང་གནས(འཁོན་གྱི་གདུང་རབས་ལྔ་པ)ལ་སྲས་གསུམ་བྱུང་བའི་ནང་ནས་ཚུལ་ཁྲིམས་རྒྱལ་པོས(འཁོན་གྱི་གདུང་རབས་དྲུག་པ)གྲོམ་པར་བཞུགས་ནས་ཆོས་དར་སྤེལ་མཛད། དེ་ལ་སྲས་གསུམ་བྱུང་བའི་ཆེ་བ་གཙུག་ཏོར་སེས་རབ(འཁོན་གྱི་གདུང་རབས་བདུན་པ)ཡིན། དེ་ལ་སྲས་བདུན་དང་རང་གི་ནུ་བོ་བཅས་འཁོན་ཚོ་བརྒྱད་དུ་གྱེས། སྲས་བདུན་གྱི་ལྔ་པ་དགེ་སྐྱབས(འཁོན་གྱི་གདུང་རབས་བརྒྱད་པ)ཀྱིས་ཤབ་ཏུ་བྱོན། དེ་ལ་སྲས་གཉིས་བྱུང་བའི་ཆེ་བ་དགེ་མཐོང(འཁོན་གྱི་གདུང་རབས་དགུ་པ་)ཡིན། དེ་ལ་སྲས་གཅིག་བྱུང་བ་འཁོན་སྟོན་བལ་པོ(འཁོན་གྱི་གདུང་རབས་བཅུ་པ)ཡིན། དེ་ལ་སྲས་གཅིག་བྱུང་བ་ཤཱཀྱ་བློ་གྲོས(འཁོན་གྱི་གདུང་རབས་བཅུ་གཅིག་པ)ཡིན། འདིས་སྐུ་ཚེ་སྨད་ལ་ཡབ་མེས་ཀྱི་ཡུལ་གཡའ་ལུང་མཁར་སྟབས་བཟུང་འིང༌། དེ་ལ་སྲས་གཉིས་བྱུང་བའི་ཆེ་བ་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱིས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་མཁན་བུ་ཁུ་སྟོན་བརྩོན་འགྲུས་ཀྱི་དྲུང་དུ་གོ་མིའི་དགེ་བསྙེན་མཛད་ནས་ཚངས་སྤྱོད་སྲུང་བས་སྲས་མེད། ཆུང་བ་ནི་འཁོན་དཀོན་མཆོག་རྒྱལ་པོ་(འཁོན་གྱི་གདུང་རབས་བཅུ་གཉིས་པ)འེས་ས་སྐྱའི་ཆོས་བརྒྱུད་ཐོག་མར་དར་སྤེལ་མཛད་པ་པོ་དེ་ཡིན། འདི་མན་གྱི་གདུང་རབས་བརྒྱུད་པ་ནི་གཤམ་གསལ་ས་སྐྱའི་གདུང་རབས་ཞེས་པའི་ཚིག་འགྲེལ་དུ་གསལ། སྐབས་འདིར་འཁོན་གྱི་གདུང་རྒྱུད་བྱུང་ཚུལ་མདོར་བསྡུས་ཤིག་བརྐོད་པ་ཡིན་ཅིང༌། ཞིབ་པར་ས་སྐྱ་བདག་ཆེན་ཨ་མྱེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི<<ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད>>ལྕགས་དཔར་མའི་ཤོག་གྲངས༦ནས༣༤བར་གསལ་བས་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
ས་སྐྱ་བདག་ཆེན་རིམ་བྱོན་གྱི་གདུང་རྒྱུད་ནི་འཁོན་གྱི་རིགས་རྒྱུད་རིམ་པར་བརྒྱུད་དེ་བྱུང་བ་ཡིན་ཞེས་གསུང་སྲོལ་ཡོད། ས་སྐྱའི་གདུང་རབས་གང་དུ་འཁོན་གྱི་གདུང་རྒྱུད་བྱུང་ཚུལ་མདོར་བསྡུས་ཤིག་བཀོད།
- language:
- Tibetan