Skip to main content Skip to search
'khor mdo dgon
ID:
T226071
  • འཁོར་མདོ་དགོན (Tibetan, Tibetan script, Original)
    • > 'khor mdo dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khor do gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྡེ་དགེ་རྒྱལ་པོས་སྦྱིན་བདག་མཛད་ནས་བཞེངས་པའི་དགོན་པ་ཞིག གུ་བཀྲའི་ཆོས་འབྱུང་ལས། སྡེ་དགེའི་རྒྱལ་རབས་དགུ་པ་རྗེ་བཙུན་དབྱངས་ཅན་སྒྲོལ་མས་སྦྱིན་བདག་གནང་ནས་བཞེངས་པར་བཤད། རྒྱལ་མོ་དབྱངས་ཅན་སྒྲོལ་མས་སྲིད་སྐྱོང་བའི་དུས་ནི་སྤྱི་ལོ་༡༧༧༤ལོར་ནས་ (༡༧༨༦) ལོའི་བར་ཡིན། དེས་ན་དགོན་པ་འདི་བཞེངས་དུས་དངོས་ནི་སྤྱི་ལོ་༡༧༨༠ལོའི་ནང་ཙམ་ཡིན་ངེས། དགོན་པ་འདི་ཐོག་མ་སྒང་སྣེ་གདོང་ཞེས་པའི་ས་དེར་སྐྱེས་མཆོག་ནམ་མཁའ་རྒྱལ་མཚན་ཞེས་པས་བཏབས་པར་བཤད། རྗེས་སུ་དགོན་པ་དེ་མེར་ཤོར་ནས་འཇིགས། སླར་ཡང་བསྐྱར་གསོ་སྐབས་དགོན་སར་ད་ལྟའི་དགོན་གནས་འདིར་སྤོས། གྲུབ་མཐའ་ས་སྐྱ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་སུ་ཡོད།

language:
Tibetan