- 'khor 'das kyi thog ma'i mtha'
- ID:
- T226072
- འཁོར་འདས་ཀྱི་ཐོག་མའི་མཐའ (Tibetan, Tibetan script, Original)
- > 'khor 'das kyi thog ma'i mtha' (Tibetan, Latin script, Transliteration-THL Extended Wylie Transliteration)
- > khordé kyi tokmé ta (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྤྱིར་ནང་པ་སངས་རྒྱས་པའི་གྲུབ་མཐའི་བཞེད་སྲོལ་ལ། འཁོར་བ་དང་མྱང་འདས་གཉིས་ཀྱི་ཐོག་མར་བྱུང་བའི་དུས་མཚམས་མེད་པར་ཞལ་གྱིས་བཞེས་པ་དང༌། སྐབས་འདིར(<<མཁས་པའི་དགའ་སྟོན>>ལྕགས་དཔར་མའི་ཤོག་གྲངས༥༥༤ཕྲེང༡༦)གསང་སྔགས་སྔ་འགྱུར་གྱི་གསུང་ཚུལ་གཞན་ཞིག་ལ་འཁོར་འདས་གཉིས་ཀྱི་ཐོག་མའི་མཐའ་ཡོད་པར་གསུངས་པ་ནི། འཇིག་རྟེན་ཆགས་འཇིག་གི་དུས་མཚམས་བཤད་པ་དང༌། སྔོན་བྱུང་གི་ལོ་རྒྱུས་བཤད་པ་གཉིས་དང་མི་འདྲ་བར། ཆོས་དབྱིངས་ཀྱི་ངོ་བོ་ཉིད་ལ་འཁོར་བ་དང་མྱང་འདས་གང་ཡང་མེད་པ་དང༌། དེ་རང་ཉིད་ཀྱིས་ངོ་ཤེས་ན་དེ་ཉིད་དུ་གྲོལ་བ་དང༌། དེའི་རང་མདངས་སྐུ་ལྔ་དང་ཡེ་ཤེས་ལྔར་ཤར་བ་སོགས་ནི་ལྷན་སྐྱེས་ཀྱི་སྐུ་འོད་གསལ་དེ་ཉིད་ལོངས་སྐུ་དང་སྤྲུལ་སྐུར་འཆར་བ་ཡིན་པས་སེམས་ཉིད་དྭངས་གསལ་དྲི་མ་མེད་པ་འདི་ལས་འཁོར་འདས་ཅིར་ཡང་སྣང་དུ་རུང་བའི་དོན་ལ་སོགས་པ་རྒྱུད་ཀྱི་གླེང་གཞིའི་ཚུལ་དུ་སྒྲ་གཞན་གྱི་སྒོ་ནས་བསྟན་པ་ཡིན་པ་ལས་འཁོར་བ་ཆགས་འཇིག་གི་ལོ་རྒྱུས་བཤད་པ་མིན་ཞེས་གསལ་བཤད་མཛད་པ་ལྟར་གོ་བ་ལེན་དགོས། འོན་ཀྱང་ད་དུང་དོགས་པའི་གནས་འགའ་ཞིག་ཡོད་པ་ནི་འདིར་གླེང་བའི་སྐབས་སུ་མ་བབས་སོ། །
- language:
- Tibetan
2. Thupten Phuntsok Dictionary
སྤྱིར་ནང་པ་སངས་རྒྱས་པའི་གྲུབ་མཐའི་བཞེད་སྲོལ་ལ། འཁོར་བ་དང་མྱང་འདས་གཉིས་ཀྱི་ཐོག་མར་བྱུང་བའི་དུས་མཚམས་མེད་པར་ཞལ་གྱིས་བཞེས་པ་དང་། སྐབས་འདིར (མཁས་པའི་དགའ་སྟོན་ལྕགས་དཔར་མའི་ཤོག་གྲངས༥༥༤ཕྲེང༡༦) གསང་སྔགས་སྔ་འགྱུར་གྱི་གསུང་ཚུལ་གཞན་ཞིག་ལ་འཁོར་འདས་གཉིས་ཀྱི་ཐོག་མའི་མཐའ་ཡོད་པར་གསུངས་པ་ནི། འཇིག་རྟེན་ཆགས་འཇིག་གི་དུས་མཚམས་བཤད་པ་དང་། སྔོན་བྱུང་གི་ལོ་རྒྱུས་བཤད་པ་གཉིས་དང་མི་འདྲ་བར། ཆོས་དབྱིངས་ཀྱི་ངོ་བོ་ཉིད་ལ་འཁོར་བ་དང་མྱང་འདས་གང་ཡང་མེད་པ་དང་། དེ་རང་ཉིད་ཀྱིས་ངོ་ཤེས་ན་དེ་ཉིད་དུ་གྲོལ་བ་དང་། དེའི་རང་མདངས་སྐུ་ལྔ་དང་ཡེ་ཤེས་ལྔར་ཤར་བ་སོགས་ནི་ལྷན་སྐྱེས་ཀྱི་སྐུ་འོད་གསལ་དེ་ཉིད་ལོངས་སྐུ་དང་སྤྲུལ་སྐུར་འཆར་བ་ཡིན་པས་སེམས་ཉིད་དྭངས་གསལ་དྲི་མ་མེད་པ་འདི་ལས་འཁོར་འདས་ཅིར་ཡང་སྣང་དུ་རུང་བའི་དོན་ལ་སོགས་པ་རྒྱུད་ཀྱི་གླེང་བཞིའི་ཚུལ་དུ་སྒྲ་གཞན་གྱི་སྒོ་ནས་བསྟན་པ་ཡིན་པ་ལས་འཁོར་བ་ཆགས་འཇིག་གི་ལོ་རྒྱུས་བཤད་པ་མིན་ཞེས་གསལ་བཤད་མཛད་པ་ལྟར་གོ་བ་ལེན་དགོས།
- language:
- Tibetan