Skip to main content Skip to search
'khor 'das kyi byung tshul
ID:
T226073
  • འཁོར་འདས་ཀྱི་བྱུང་ཚུལ (Tibetan, Tibetan script, Original)
    • > 'khor 'das kyi byung tshul (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khordé kyi jung tsul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྤྱིར་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་བཞེད་སྲོལ་ཡོངས་གྲགས་སུ་འཁོར་བ་ལ་ཐོག་མའི་མཐའ་མེད་པ་དང༌། ཐ་མའི་མཐའ་ཡོད་ཅེས་ཁས་ལེན། དེའི་རྒྱུ་མཚན་ནི་གང་ཟག་རང་རང་སོ་སོའི་སྐྱེ་བ་ཐོག་མ་དེ་དུས་སྐབས་འདི་ཙམ་ལ་གཞི་ནས་བྱུང་བ་ཡིན་ཅེས་ངོས་འཛིན་རྒྱུ་མེད་པས་རང་གི་སྐྱེ་བ་ལ་ཐོག་མའི་མཐའ་མེད། འཁོར་བ་ལ་ཐ་མའི་མཐའ་ཡོད་པ་ནི་གང་ཟག་བཟང་ངན་སུ་འདྲ་ཞིག་ཡིན་ཀྱང་མཐར་འཁོར་བ་ལས་ཐར་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ངེས་ཤ་སྟག་ཡིན་ཞེས་གསུང་སྲོལ་ཡོད། གསང་སྔགས་སྔ་འགྱུར་གྱི་རྒྱུད་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ལས། འཁོར་འདས་གང་ཡང་མེད་པའི་ཐོག་མའི་དུས་སྐབས་ཤིག་ཡོད་པར་གསུངས་པ་ནི་དཔའ་བོ་གཙུག་ལག་ཕྲེང་བས<<ཆོས་འབྱུང་མཁས་པའི་དགའ་སྟོན>>གྱི་གསང་སྔགས་རྙིང་མའི་ཆོས་འབྱུང་གི་མགོར་འགྲེལ་བཤད་མཛད་པ་ལྟར་འཁོར་འདས་ཐོག་མར་བྱུང་ཚུལ་གྱི་ལོ་རྒྱུས་བཤད་པ་མ་ཡིན་པར་གང་ཟག་རང་རང་སོ་སོའི་འཁོར་འདས་གང་ཡང་མེད་པའི་སྔོན་དུ་སེམས་ཀྱི་ཆོས་ཉིད་དྲི་མ་དང་བྲལ་བ་ཞིག་ཡོད་པ་དང༌། དེ་ངོ་ཤེས་ནས་སྐབས་དེ་ཉིད་དུ་གྲོལ་ནས་དེའི་རང་མདངས་ཡེ་ཤེས་ལྔ་དང་སྐུ་ལྔར་འཆར་བ་སོགས་ཡིན་པས་སེམས་ཀྱི་ཆོས་ཉིད་དྲི་མ་མེད་པ་དེ་ལས་འཁོར་འདས་གང་ཡང་སྣང་དུ་རུང་བ་ཞིག་ཡིན་པའི་ཆ་ནས་འཁོར་འདས་ཀུན་གྱི་ཐོག་མའི་འབྱུང་གཞི་ཡིན་པར་གླེང་གཞིའི་ཚུལ་གྱིས་སྒྲ་གཞན་དུ་གསུངས་པ་ཡིན་ཞེས་གསལ་བཤད་མཛད་ཡོད་པ་ལྟར་གོ་བ་བླངས་ན་ལེགས།

language:
Tibetan

2. Thupten Phuntsok Dictionary

སྤྱིར་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་བཞེད་སྲོལ་ཡོངས་གྲགས་སུ་འཁོར་བ་ལ་ཐོག་མའི་མཐའ་མེད་པ་དང་། ཐ་མའི་མཐའ་ཡོད་ཅེས་ཁས་ལེན། དེའི་རྒྱུ་མཚན་ནི་གང་ཟག་རང་རང་སོ་སོའི་སྐྱེ་བ་ཐོག་དེ་དུས་སྐབས་འདི་ཙམ་ལ་གཞི་ནས་བྱུང་བ་ཡིན་ཅེས་ངོས་འཛིན་རྒྱུ་མེད་པས་རང་གི་སྐྱེ་བ་ལ་ཐོག་མའི་མཐའ་མེད། འཁོར་བ་ལ་ཐ་མའི་མཐའ་ཡོད་པ་ནི་གང་ཟག་བཟང་ངན་སུ་འདྲ་ཞིག་ཡིན་ཀྱང་མཐར་འཁོར་བ་ལས་ཐར་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ངེས་ཤ་སྟག་ཡིན་ཞེས་གསུང་སྲོལ་ཡོད། གསང་སྔགས་སྔ་འགྱུར་གྱི་རྒྱུད་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ལས། འཁོར་འདས་གང་ཡང་མེད་པའི་ཐོག་མའི་དུས་སྐབས་ཤིག་ཡོད་པར་གསུངས་པ་ནི་དཔའ་བོ་གཙུག་ལག་ཕྲེང་བསཆོས་འབྱུང་མཁས་པའི་དགའ་སྟོན》གྱི་གསང་སྔགས་རྙིང་མའི་ཆོས་འབྱུང་གི་མགོར་འགྲེལ་བཤད་མཛད་པ་ལྟར་འཁོར་འདས་ཐོག་མར་བྱུང་ཚུལ་གྱི་ལོ་རྒྱུས་བཤད་པ་མ་ཡིན་པར་གང་ཟག་རང་རང་སོ་སོའི་འཁོར་འདས་གང་ཡང་མེད་པའི་སྔོན་དུ་མེད་སེམས་ཀྱི་ཆོས་ཉིད་དྲི་མ་དང་བྲལ་བ་ཞིག་ཡོད་པ་དང་། དེ་ངོ་ཤེས་ནས་སྐབས་དེ་ཉིད་དུ་གྲོལ་ནས་དེའི་རང་མདངས་ཡེ་ཤེས་ལྔ་དང་སྐུ་ལྔར་འཆར་བ་སོགས་ཡིན་པས་སེམས་ཀྱི་ཆོས་ཉིད་དྲི་མ་མེད་པ་དེ་ལས་འཁོར་འདས་གང་ཡང་སྣང་དུ་རུང་བ་ཞིག་ཡིན་པའི་ཆ་ནས་འཁོར་འདས་ཀུན་གྱི་ཐོག་མའི་འབྱུང་གཞི་ཡིན་པར་གླེང་གཞིའི་ཚུལ་གྱིས་སྒྲ་གཞན་དུ་གསུངས་པ་ཡིན་ཞེས་གསལ་བཤད་མཛད་ཡོད་པ་ལྟར་གོ་བ་བླངས་ན་ལེགས།

language:
Tibetan