- 'khor 'das gang yang med pa'i sngon
- ID:
- T226077
- འཁོར་འདས་གང་ཡང་མེད་པའི་སྔོན (Tibetan, Tibetan script, Original)
- > 'khor 'das gang yang med pa'i sngon (Tibetan, Latin script, Transliteration-THL Extended Wylie Transliteration)
- > khordé gangyang mepé ngön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གསང་སྔགས་སྔ་འགྱུར་གྱི་བཞེད་པའི་འཁོར་འདས་བྱུང་ཚུལ་ལ། འཁོར་འདས་གང་ཡང་མེད་པའི་སྔ་རོལ་ཞེས་གསུངས་པ་ནི། འཇིག་རྟེན་འདིའི་ཐོག་ཏུ་འཁོར་འདས་གང་ཡང་མེད་པའི་སྔ་རོལ་ཞེས་གསུངས་པ་མ་ཡིན་པར་གང་ཟག་རང་རང་སོ་སོའི་སེམས་ཀྱི་ངོ་བོ་དྲི་མ་དང་བྲལ་བ་དེ་ལ་འཁོར་འདས་གང་གི་ཡང་དབྱེ་བ་ཕྱེ་རྒྱུ་མེད་པས་ཀ་ནས་དག་པ་ཡིན་ཅིང༌། སེམས་ལ་ཉོན་མོངས་དུག་གསུམ་གྱི་རྣམ་རྟོག་འཆར་བ་ནི་གློ་བུར་གྱི་དྲི་མས་གོས་པ་ཡིན་པ་ལས། སེམས་ཀྱི་ངོ་བོ་དྭངས་ཤིང་དྲི་མས་མ་གོས་པ་དེ་ལ་འགྱུར་བ་གང་ཡང་བྱུང་མེད་པར་གསུངས།
- language:
- Tibetan
2. Thupten Phuntsok Dictionary
གསང་སྔགས་འགྱུར་གྱི་བཞེད་པའི་འཁོར་འདས་བྱུང་ཚུལ་ལ། འཁོར་འདས་གང་ཡང་མེད་པའི་སྔ་རོལ་ཞེས་གསུངས་པ་ནི། འཇིག་རྟེན་འདིའི་ཐོག་ཏུ་འཁོར་འདས་གང་ཡང་མེད་པའི་སྔ་རོལ་ཞེས་གསུངས་པ་མ་ཡིན་པར་གང་ཟག་རང་རང་སོ་སོའི་སེམས་ཀྱི་ངོ་བོ་དྲི་མ་དང་བྲལ་བ་དེ་ལ་འཁོར་འདས་གང་གི་ཡང་དབྱེ་བ་ཕྱེ་རྒྱུ་མེད་པས་ཀ་ནས་དག་པ་ཡིན་ཅིང་། སེམས་ལ་ཉོན་མོངས་དུག་གསུམ་གྱི་རྣམ་རྟོག་འཆར་བ་ནི་གློ་བུར་གྱི་དྲི་མས་གོས་པ་ཡིན་པ་ལས། སེམས་ཀྱི་ངོ་བོ་དྭགས་ཤིང་དྲི་མས་མ་གོས་པ་དེ་ལ་འགྱུར་བ་གང་ཡང་བྱུང་མེད་པར་གསུངས།
- language:
- Tibetan