- 'khor 'das gnyis med
- ID:
- T226078
- འཁོར་འདས་གཉིས་མེད (Tibetan, Tibetan script, Original)
- > 'khor 'das gnyis med (Tibetan, Latin script, Transliteration-THL Extended Wylie Transliteration)
- > khordé nyimé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ཡང་བཀའ་བརྒྱུད་ཀྱི་བླ་མ་གོང་མ་ཚོའི་གསུང་རྒྱུན་ལ་ཡོད་པའི་འཁོར་འདས་དབྱེར་མེད་ཅེས་པ་དེ་ཡིན་ཏེ། དེའི་གོ་དོན་ནི་སེམས་ཀྱི་གནས་ལུགས་སྟོང་པ་ཉིད་རྟོགས་པ་ན་འཁོར་བ་དང་མྱང་འདས་གཉིས་ཀྱི་དབྱེ་མཚམས་མི་དགོས་པའམ་མེད་པའི་དོན་ཡིན་པར་གསུངས། དེ་ཡང་སྟོང་ཉིད་རྟོགས་ཟིན་པ་ན་ལས་རྒྱུ་འབྲས་ཀྱི་སྤང་བླང་བྱེད་མི་དགོས་ཞེས་པའི་དོན་མིན་པར་སྐབས་དེར་སླེབས་ན་རང་གི་སྒོ་གསུམ་གྱི་བྱ་བ་གང་བྱས་ཆོས་སུ་འགྲོ་བ་ཞིག་རང་ཤུགས་ཀྱིས་འོང་བ་དང༌། སྤང་བྱ་དང་བླང་བྱ་ཞེས་ལོགས་སུ་མེད་པ་ལ་དགོངས་ནས་གསུང་པ་ཡིན་འདྲ་སྙམ།
- language:
- Tibetan
2. Thupten Phuntsok Dictionary
འདི་ཡང་བཀའ་བརྒྱུད་ཀྱི་བླ་མ་གོང་མ་ཚོའི་གསུང་རྒྱུན་ལ་ཡོད་པའི་འཁོར་འདས་དབྱེར་མེད་ཅེས་པ་དེ་ཡིན་ཏེ། དེའི་གོ་དོན་ནི་སེམས་ཀྱི་གནས་ལུགས་སྟོང་པ་ཉིད་རྟོགས་པ་ན་འཁོར་བ་དང་མྱང་འདས་གཉིས་ཀྱི་དབྱེ་མཚམས་མི་དགོས་པའམ་མེད་པའི་དོན་ཡིན་པར་གསུངས། དེ་ཡང་སྟོང་ཉིད་རྟོགས་ཟིན་པ་ན་ལས་རྒྱུ་འབྲས་ཀྱི་སྤང་བླང་བྱེད་མི་དགོས་ཞེས་པའི་དོན་མིན་པར་སྐབས་དེར་སླེབས་ན་རང་ཤུགས་ཀྱིས་འོང་བ་དང་། སྤང་བྱ་དང་བླང་བྱ་ཞེས་ལོགས་སུ་མེད་པ་ལ་དགོངས་ནས་གསུང་པ་ཡིན་འདྲ་སྙམ།
- language:
- Tibetan