Skip to main content Skip to search
'khor 'das dbyer med kyi lta ba
ID:
T226079
  • འཁོར་འདས་དབྱེར་མེད་ཀྱི་ལྟ་བ (Tibetan, Tibetan script, Original)
    • > 'khor 'das dbyer med kyi lta ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khordé yermekyi tawa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྐབས་འདིར་(མཆན། སྐབས་འདིར་ཞེས་པ་ནི<<ཐུའུ་བཀྭན་གྲུབ་མཐའ>>ལྕགས་དཔར་མའི་ཤོག་གྲངས༡༩༩པའི་ཐོག་ས་སྐྱ་བའི་ལྟ་བའི་བཞེད་ཚུལ་སྐོར་ལ་གོ་དགོས)གསུངས་པའི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཞེས་པ་དཔལ་ལྡན་ས་སྐྱ་བའི་བའེད་སྲོལ་ལ་ཡོད་པའི་དབུ་མའི་ལྟ་བ་དེ་ཡིན། དེའི་དགོངས་པ་འགྲེལ་ཚུལ་ལ། འཇམ་མགོན་ས་སྐྱ་པཟླི་ཏ་དང༌། ཀུན་མཁྱེན་རོང་སྟོན། རྗེ་བཙུན་རེད་མདའ་བ། པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་ས་སྐྱའི་བསྟན་འཛིན་རིམ་བྱོན་རྣམས་ཀྱིས་གསལ་བཤད་གནང་ཚུལ་མི་འདྲ་བ་ཡོད་པ་རྣམས་དམ་པ་སོ་སོའི་གསུང་རྩོམ་ཁག་ལ་གཟིགས་ན་མཁྱེན་པར་འགྱུར་ཞིང༌། འདིར་ཡིག་ཚོགས་ཆེ་བར་བསམས་ནས་མ་བྲིས་ལགས།

language:
Tibetan

2. Thupten Phuntsok Dictionary

གྲུབ་ཆེན་བིཪྭ་པ་ནས་བརྒྱུད་པའི་དཔལ་ལྡན་ས་སྐྱ་པས་རྒྱལ་བའི་དགོངས་པ་འགྲེལ་བར་ཐུན་མིན་གྱི་བཞེད་ཚུལ་ཡོད་པའི་ལྟ་བ་ཞིག་ཡིན་ནོ། །སྐབས་འདིར་གསུངས་པའི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཞེས་པ་དཔལ་ལྡན་ས་སྐྱ་པའི་བཞེད་སྲོལ་ལ་ཡོད་པའི་དབུ་མའི་ལྟ་བ་དེ་ཡིན། དེའི་དགོངས་པ་འགྲེལ་ཚུལ་ལ། འཇམ་མགོན་བླ་མ་ས་སྐྱ་པཎྜི་དང་། ཀུན་མཁྱེན་རོང་སྟོན། རྗེ་བཙུན་རེད་མདའ་བ། པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་ས་སྐྱའི་བསྟན་འཛིན་རིམ་བྱོན་རྣམས་ཀྱི་གསུང་རྩོམ་ཁག་ལས་གསལ་བར་ལྟར་རོ། །

language:
Tibetan