Skip to main content Skip to search
'khor ba'i rtsa ba gcig pu
ID:
T226090
  • འཁོར་བའི་རྩ་བ་གཅིག་པུ (Tibetan, Tibetan script, Original)
    • > 'khor ba'i rtsa ba gcig pu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khorwé tsawa chikpu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ནང་པ་སངསརྒྱསཆོས་ལུགས་ཀྱི་བདེན་པ་བཞིའི་ནང་གསེས་ཀུན་འབྱུང་བདེན་པ་འཆད་སྐབས་ལས་ཀྱི་ཀུན་འབྱུང་དང༌། ཉོན་མོངས་པའི་ཀུན་འབྱུང་གཉིས་ཡོད་པ་དང༌། ཀུན་འབྱུང་དེ་གཉིས་ཀྱི་རྩ་བ་མཐར་ཐུག་ས་ནི་རང་རྒྱུད་ཀྱི་ཕུང་པོ་ལྔ་ལ་དམིགས་ནས་ངའོ་སྙམ་དུ་རང་ངོས་ནས་གྲུབ་པར་འ། ཛེ་ན་པའི་གང་ཟག་གི་བདག་འཛིན་དང་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པར་འཛིན་པའི་ཆོས་ཀྱི་བདག་འཛིན་གཉིས་ཡོད་པ་དེ་གཉིས་ཀ་བདག་འཛིན་མ་རིག་པ་ཡིན་པར་མཚུངས་ཤིང༌། བདག་འཛིན་དེ་ལ་བརྟེན་ནས་ཉོན་མོངས་དུག་གསུམ་འབྱུང་བ་དང༌། དེ་ལ་བརྟེན་ནས་ལས་ངན་བསགས་ཏེ་འབྲས་བུ་སྡུག་བསྔལ་སྣ་ཚོགས་མྱོང་དགོས་པ་དེ་བྱུང་བ་དང༌། བདག་འཛིན་དེ་གཉིས་སྤངས་ན་ཉོན་མོངས་ཐམས་ཅད་བཅོམ་ནས་འཁོར་བ་ལས་དུས་གཏན་དུ་ཐར་ཐུབ་པ་ཡིན་ཞེས་གསུངས་སྲོལ་ཡོད། ཞིབ་པར<<དབུ་མའི་ཡིག་ཆ>>ཁག་དང<<ལམ་རིམ་གྱི་ཁྲིད་ཡིག>>ཁག་རྣམས་ལས་གསལ་བས་དེ་དག་ལ་གཟིགས།

language:
Tibetan

2. Thupten Phuntsok Dictionary

ནང་པ་སངས་རྒྱས་ཆོས་ལུགས་ཀྱི་བདེན་པ་བཞིའི་ནང་གསེས་ཀུན་འབྱུང་བདེན་པ་འཆད་སྐབས་ལས་ཀྱི་འབྱུང་དང་། ཀུན་འབྱུང་དེ་གཉིས་ཀྱི་རྩ་བ་མཐར་ཐུག་པ་ནི་རང་རྒྱུད་ཀྱི་ཕུང་པོ་ལྔ་དམིགས་ནས་ངའོ་སྙམ་དུ་རང་ངོས་ནས་གྲུབ་པར་འཛིན་པའི་གང་ཟག་གི་བདག་འཛིན་དང་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པར་འཛིན་པའི་ཆོས་ཀྱི་བདག་འཛིན་གཉིས་ཡོད་པ་དེ་གཉིས་ཀ་བདག་འཛིན་མ་རིག་པ་ཡིན་པར་མཚུངས་ཤིང་། བདག་འཛིན་དེ་ལ་བརྟེན་ནས་ཉོན་མོངས་དུག་གསུམ་འབྱུང་བ་དང་། དེ་ལ་བརྟེན་ནས་ལས་ངན་བསགས་ཏེ་འབྲས་བུ་སྡུག་བསྔལ་སྣ་ཚོགས་མྱོང་དགོས་པ་དེ་བྱུང་བ་དང་། བདག་འཛིན་དེ་གཉིས་སྤངས་ན་ཉོན་མོངས་ཐམས་ཅད་བཅོམ་ནས་འཁོར་བ་ལས་དུས་གཏན་དུ་ཐར་ཐུབ་པ་ཡིན་ཞེས་གསུངས་སྲོལ་ཡོད།

language:
Tibetan