- 'khor re
- ID:
- T226109
- འཁོར་རེ (Tibetan, Tibetan script, Original)
- > 'khor re (Tibetan, Latin script, Transliteration-THL Extended Wylie Transliteration)
- > khor ré (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་ཀྱི་བཙན་པོའི་གདུང་རྒྱུད་གྲས་འོད་སྲུང་གི་བརྒྱུད་པ་མངའ་རིས་ཕྱོགས་སུ་མཆེད་པའི་སྲས་མགོན་གསུམ(༡་རིག་པ་མགོན༢་བཀྲ་ཤིས་མགོན། ༣་ལྡེ་གཙུག་མགོན)བྱུང་བའི་འབྲིང་པོ་བཀྲ་ཤིས་མགོན་ལ་སྲས་གཉིས(སྲོང་ངེའམ་མཚན་དངོས་དྲང་སྲོང་ལྡེ་དང་འཁོར་རེའམ་མཚན་དངོས་འཁོར་ལོ་ལྡེ་བཅས)ཡོད་པའི་ཆུང་བ་ཡིན། <<དེབ་དམར>>ལས་མགོན་གསུམ་གྱི་ཆེ་བ་བཀྲ་ཤིས་ལྡེ་དང༌། འབྲིང་བ་དཔལ་ལྡེ་རིག་པ་མགོན་ཡིན་པ་དང༌། བཀྲ་ཤིས་མགོན་ལ་སྲས་གཉིས་ཀྱི་ཆེ་བ་འཁོར་རེ་དང༌། ཆུང་བ་སྲོང་ངེ་ཡིན་པར་བཤད། <<ལྡེའུ་ཆོས་འབྱུང>>ཁག་གཉིས་ལས་མགོན་གསུམ་གྱི་ཆེ་བ་དཔལ་མགོན་གྱི་སྲས་གཉིས་བྱུང་བའི་ཆེ་བ་འཁོར་རེ་ཡིན་པར་བཤད། <<ཡར་ལུང་ཆོས་འབྱུང>>དང༌། <<རྒྱལ་རབས་གསལ་བའི་མེ་ལོང>><<དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས>>བཅས་ལས་ཉི་མ་མགོན་གྱི་སྲས་གསུམ་ལས་ཆུང་བ་ལྡེ་གཙུག་མགོན་ལ་སྲས་འཁོར་རེ་དང་སྲོང་ངེ་གཉིས་བྱུང་བར་བཤད་པ་སོགས་མི་འདྲ་བ་ཁ་ཤས་འདུག་ཀྱང༌། འདིར་ཀ་ཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས་མཛད་པའི<<བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ>>ལས་གསུངས་པ་དེ་རང་ཁུངས་བཙན་པར་བསམས་ནས་བཀོད་པ་ལགས། ལྷ་སྲས་འཁོར་རེས་འཁོར་ཆགས་ལྷ་ཁང་དང༌། དེའི་རྟེན་གཙོ་དབུས་མ་ཇོ་བོའི་དངུལ་སྐུ་དེ་བཞེངས། དེ་མིན་གྱི་ལོ་རྒྱུས་གཞན་དག་ད་ཕན་མ་མཐོང་ལགས།
- language:
- Tibetan
2. Thupten Phuntsok Dictionary
བོད་ཀྱི་བཙན་པོའི་གདུང་རྒྱུད་གྲས་འོད་སྲུང་གི་བརྒྱུད་པ་མངའ་རིས་ཕྱོགས་སུ་མཆེད་པའི་སྲས་མགོན་གསུམ (༡ རིག་པ་མགོན ༢ བཀྲ་ཤིས་མགོན ༣ ལྡེ་གཙུག་མགོན) བྱུང་བའི་འབྲིང་པོ་བཀྲ་ཤིས་མགོན་ལ་སྲས་གཉིས (སྲང་ངེའམ་མཚན་དངོས་དྲང་སྲོང་ལྡེ་དང་འཁོར་རེའམ་མཚན་དངོས་འཁོར་ལོ་ལྡེ་བཅས) ཡིན།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྨད་ཙམ་དུ་ཞང་ཞུང་དུ་ཡབ་མངའ་བདག་བཀྲ་ཤིས་ལྡེ་མགོན་གྱི་སྲས་སུ་སྐུ་འཁྲུངས། ཁོང་གི་མཚན་དངོས་ལ་འཁོར་ལོ་ལྡེ་ཞེས་ཞུ་ཞིང་། ཁོང་གིས་མངའ་རིས་པུ་རངས་བཟུང་ནས་ཆབ་སྲིད་བསྐྱངས་ཏེ་རིགས་སྲས་ལྷ་ལྡེ་སྐུ་འཁྲུངས། བོད་ལུགས་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1016 ལོར་གཅེན་པོ་སྲོང་ངེ་རབ་ཏུ་བྱུང་ཞིང་མངའ་རིས་གུ་གེའི་རྒྱལ་སྲིད་ཀྱང་ཁོང་ལ་གཏད་ནས་པུ་རངས་དང་གུ་གེ་གཉིས་ཀའི་ཆབ་སྲིད་བསྐྱངས་ཤིང་ཁ་ཚར་གྱི་ལྷ་ཁང་བཞེངས་ཏེ་དཀོན་མཆོག་གསུམ་ལ་བཀུར་སྟི་ཕུན་སུམ་ཚོགས་པར་མཛད་དོ།།
- language:
- Tibetan