- 'khor lo chings
- ID:
- T226114
- འཁོར་ལོ་ཆིངས (Tibetan, Tibetan script, Original)
- > 'khor lo chings (Tibetan, Latin script, Transliteration-THL Extended Wylie Transliteration)
- > khorlo ching (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སོག་པའི་རྨ་ལ་ཆིངས་བྱ་ཚུལ་གྱི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། སོག་པར་འཁོར་ལོ་ལྟར་འཆིངས་པ་དང་། གཤོག་པ་ལྟར་བརྒྱངས་པ་ལྟ་བུའི་ཆིངས་སུ་བཅིངས་པ་གཉིས་ལ་དཔུང་པ་ནས་མཆན་འོག་ཏུ་བླངས་ལ་བཅིངས་ཏེ་གྱེན་ཤིང་ཡོད་མེད་གཉིས་ཞེས་པར་དམར་ཁྲིད་དུ། སོག་པའི་འཁོར་ལོ་ཆིངས་ནི་གྲེ་མོའི་གོང་ནས་བཅིངས་ནས་གཅིག་ངོས་ཀྱི་མཆན་འོག་ཏུ་གྱེན་ལ་ཤིང་བཅུག་སྟེ་དེ་ལ་བླངས་ཀྱིན་བཅིངས་པ་གྱེན་ཤིང་ཡོད་པ་དང་། གཤོག་བརྒྱངས་ཆིངས་ནི་གྱེན་དུ་ཤིང་མེད་པར་མཆན་འོག་ནས་བླངས་ནས་བཅིང་ངོ་། ཞེས་གསུངས་པ་ལྟ་བུའོ། །
- language:
- Tibetan