Skip to main content Skip to search
'khor lo sdom chen
ID:
T226117
  • འཁོར་ལོ་སྡོམ་ཆེན (Tibetan, Tibetan script, Original)
    • > 'khor lo sdom chen (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khorlo dom chen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོ་འེས་པ་དེ་ཡིན། འདིའི་ལྷ་གྲངས་དང་མངོན་རྟོགས་བཀོད་པའི་དཔྱད་གཞི་ལག་ཏུ་མ་སོན་ཅིང་། དབང་གི་ཆོ་ག་ནི་ཇོ་ནང་ཏཱ་ར་ནཱ་ཐ་ནས་རིམ་བཞིན་བརྒྱུད་པའི་སྒྲུབ་ཐབས་ས་སྐྱ་མཁན་ཆེན་བློ་གཏེར་དབང་པོས་གསར་བསྒྲིགས་གནང་བ་ལ་ཤོག་གྲངས༢༦དང<<དེའི་དཀྱིལ་ཆོག་དབང་བཅས་བདུད་རྩིའི་ཆུ་རྒྱུན>>མཁན་ཆེན་དེ་ཉིད་ཀྱིས་གསར་བསྒྲིགས་གནང་བ་ལ་ཤོག་གྲངས༧༨བཅས<<སྨིན་གྲོལ་ཀུན་བཏུས>>པོད[ཙ]པའི་ནང་བཞུགས། ཡང་ཨ་མཆོག་སྐུ་རྒོང་མ་དརྐོན་མཆོག་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི<<དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་སྒྲུབ་ཐབས་རིགས་ལྡན་ཞལ་ལུང>>ལ་ཤོག་གྲངས༥༤དམ་པ་དེའི་གསུང་འབུམ་པོད[ཁ]པའི་ནང་བཞུགས། ཡང<<དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རིན་ཆེན་འདྲེན་པའི་ཤིང་རྟ>>ལ་ཤོག་གྲངས༢༦དང་དེའི<<སྦྱེན་སྲེག་གི་ཆོ་ག་དངོས་གྲུབ་ཆར་འབེབས>>ལ་ཤོག་གྲངས༡༤དེའི<<ཚོགས་མཆོད་བདེ་ཆེན་མྱུ་གུ་བསྐྱེད་པའི་ཆར་རྒྱུན>>ལ་ཤོག་གྲངས༥བཅས་ཨ་མཆོག་རིན་པོ་ཆེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་མཛད་པ་དམ་པ་དེའི་གསུང་འབུམ་པོད[ཀ]པའི་ནང་བཞུགས་ཡོད།

language:
Tibetan

2. Thupten Phuntsok Dictionary

འདི་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོ་ཞེས་པ་དེ་ཡིན།

language:
Tibetan