- 'khyam po gza' nad
- ID:
- T226135
- འཁྱམ་པོ་གཟའ་ནད (Tibetan, Tibetan script, Original)
- > 'khyam po gza' nad (Tibetan, Latin script, Transliteration-THL Extended Wylie Transliteration)
- > khyampo za né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྟགས་ལ་བལྟོས་ནས་བཏགས་པའི་ནད་རྒྱུངས་པར་ཞུགས་མིང་སྟེ། འབྲི་གུང་ཚེ་དབང་བརྟན་པས་མཛད་པའི་དུག་ནད་ཀྱི་བཅོས་གཞན་ཕན་ཟླ་བའི་འཛུམ་ཟེར་ལས། འཁྱམ་པོ་གཟའ་ནད་ནི། དུག་ནད་རྒྱུངས་པར་ཞུགས་པའི་རྟགས་སུ་མི་འཁྱམ་པོ་གློ་བུར་དུ་སླེབས་པ་ལྟར། འཕྲལ་དུ་ལུས་རེངས་ཤིང་རྐང་པ་དང་ལག་པ་བཤལ་ལ་སྦྲིད་ཅིང་མིག་འཛུམ་མི་ཤེས་པ་གཟའ་ཕོག་པ་ལྟར་གྱི་རྟགས་འབྱུང་བའི་དུག་ནད། ཅེས་གསུངས་པ་ལྟར་རོ། །
- language:
- Tibetan