Skip to main content Skip to search
'khrugs tshad rgyas 'khrugs
ID:
T226172
  • འཁྲུགས་ཚད་རྒྱས་འཁྲུགས (Tibetan, Tibetan script, Original)
    • > 'khrugs tshad rgyas 'khrugs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > truk tsé gyé truk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཡུལ་ཚ་གདུང་ཅན། དུས་སྟོན་དུས། རང་བཞིན་མཁྲིས་པའི་མི། ན་ཚོད་དར་མ། ནད་ཁམས་ཁྲག་མཁྲིས་ཅན་གྱི་མི་རྣམས་ལ། ཟས་སྐོམ་ཤ་མར་ཆང་སོགས་བཅུད་ལྡན་གྱི་རིགས་བསྟེན་དྲགས་པ་དང་། སྤྱོད་ལམ་ལུས་ངག་གི་བྱ་བ་དྲག་ཤུལ་ཅན་དང་། ཞེ་སྡང་ཆེན་པོ་སྐྱེས་པ་སོགས་ཀྱིས་མཁྲིས་པ་འཁྲུགས་པ་དང་ཚ་བ་ཁྲག་ལ་རྒྱས་པ་ཡིན་ནོ། །དེ་ལའང་ནང་གསེས་ཀྱི་དབྱེ་བ་གསུམ་སྟེ། ཚ་འཁྲུགས་དང་། ཚ་འགྲམས་དང་། ཚ་རིམས་སོ། ༡ ཁྲག་མཁྲིས་ཀྱི་འཁྲུགས་ཚད་རྐྱང་པ་ནི་ཚ་འཁྲུགས་ཡིན། ༢ འཁྲུགས་ཚད་འགྲམས་ལ་བརྟེན་པ་ཚ་འགྲམས་ཡིན། ༣ འཁྲུགས་ཚད་རིམས་དང་བསྡོངས་པ་ཚ་རིམས་ཡིན།

language:
Tibetan