- 'khrungs rabs lha khang
- ID:
- T226186
- འཁྲུངས་རབས་ལྷ་ཁང (Tibetan, Tibetan script, Original)
- > 'khrungs rabs lha khang (Tibetan, Latin script, Transliteration-THL Extended Wylie Transliteration)
- > trung rab lhakhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་ཡང་འཁྲུངས་རབས་ཅེས་པ་སྐྱེ་བ་སྔ་མ་རིམ་བྱུང་གི་ལོ་རྒྱུས་ཏེ་སྐྱེས་རབས་ཀྱི་ཞེ་ས་ཡིན་ཅིང༌། སྐུ་ཕྲེང་རིམ་བྱོན་གྱི་འདྲ་སྐུ་རྣམས་བཞུགས་པའི་ལྷ་ཁང་ལ་འཁྲུངས་རབས་ལྷ་ཁང་ཞེས་ཟེར། དཔེར་ན་ཕོ་བྲང་པོ་ཏ་ལའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་རབས་འདྲ་སྐུ་བཞུགས་པའི་ལྷ་ཁང་ལ་ཆ་མཚོན་ན༌དབུས་གཡས་གཡོན་ནས་རིམ་བཞིན་ཇོ་བོ་དང༌། སྨན་བླ༌བདེ་གཤེགས་བརྒྱད། འཁྲུངས་རབས་རགས་བསྡུས་བཅས༌ཡོད་པ་སྟེ། གཡས་དང་པོ་ནང་གསེར་ལྷད་མེད་ལ་ཕྱི་རྒྱ་༌དངུལ་གྱིས་གཏུམས་པའི་ཇོ་བོ་ཤཀྱ་མུ་ནེའི་འདྲ་སྐུ་གཡས་གཉིས་པ་སྨན་བླ། གཡས་གསུམ་པ་མཚན་ལེགས་གཡས་བཞི་པ་རིན་ཆེན་ཟླ་བ། གཡས་ལྔ་པ་གསེར་བཟང་དྲི་མེད། གཡས་དྲུག་པ་མྱ་ངན་མེད་མཆོག གཡས་བདུན་པ་ཆོས་གྲགསརྒྱམཚོ། གཡས་བརྒྱད་པ་མངོན་མཁྱེན་རྒྱལ་པོ། གཡས་དགུ་པ་ཤཱཀྱ་ཐུབ་པ་བཅས་དང༌། གཡོན་དང་པོ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ། གཡོན་གཉིས་པ་སྤྱན་རས་གཟིགས་སེམས་ཉིད་ངལ་གསོ། ༩གཡོན་གསུམ་པ་སྲོང་བཙན་སྒམ་པོ། གཡོན་བཞི་པ་འབྲོམ་སྟོན་པ། གཡོན་ལྔ་པ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ། གཡོན་དྲུག་པ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོགཡོན་བདུན་པ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོགཡོན་བརྒྱད་པ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ། གཡོན་དགུ་པ་ཚར་ཆེན་བློ་གསལ་རྒྱ་མཚོབཅས་དང༌། རྒྱབ་ངོས་སུ་ལྷ་ཁང་གི་ཐོག་ཚད་དང་མཉམ་པའི་ཀུན་དགའ་ར་བའི་ནང་དུ་རྒྱ་ཤོག་དམར་པོའི་ངོས་གསེར་བྲིས་བྱས་པའི་བཀའ་འགྱུར་ཆ་ཚང་གཅིག་དང༌། རྒྱ་ཤོག་སྔོན་པོར་གསེར་བྲིས་བྱས་པའི་བཀའ་འགྱུར་ཆ་ཚང་གཅིག དེ་བཞིན་རྒྱ་ཤོག་སྔོན་པོར་དངུལ་བྲིས་དང༌། དཀར་པོར་ཟངས་བྲིས། ལྗང་ཁུར་མཚལ་བྲིས་བྱས་པའི་བཀའ་འགྱུར་ཆ་ཚང་རེ་རེ་བཅས་བཀའ་འགྱུར་ཆ་ཚང་ལྔ། རྒྱ་ཤོག་དཀར་པོར་མཚལ་བྲིས་བྱས་པའི་བསྟན་འགྱུར་ཆ་ཚང་གཅིག་བཅས་བཀའ་བསྟན་གཉིས་བསྡོམས་པར་པོད་བདུན་བརྒྱ་བརྒྱད་ཅུ་གྱ་བརྒྱད། གཞན་ཡང་སྨན། རྩིས། བོན་ཆོས། རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་གསུང་འབུམ། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་བཅས་བསྡོམས་པོད་ཆེན་དགུ་བཅུ་གོ་གསུམ་བཅས་ཁྱོན་པོད་ཆེན་བརྒྱད་བརྒྱ་བདུན་ཅུ་ལྷག་ཙམ་ཡོད་པ་རྣམས་བོད་མི་རིགས་ཀྱི་གསུང་རབ་ཡི་གེར་འབྲི་བའི་ལག་རྩལ་ཀྱི་ཆུ་ཚད་འཛམ་གླིང་གི་ཁྱོན་ལ་ངོམས་ཆོག་པ་ཤ་སྟག་ཡིན་ཅིང༌། ད་ལྟ་ཉམས་ཆག་གཏན་ནས་མ་སོང་བར་བསྡད་ཡོད།
- language:
- Tibetan
2. Thupten Phuntsok Dictionary
དེ་ཡང་འཁྲུངས་རབས་ཅེས་པ་སྐྱེ་བ་སྔ་མ་རིམ་བྱུང་གི་ལོ་རྒྱུས་ཏེ་སྐྱེས་རབས་ཀྱི་ཞེ་ས་ཡིན་ཅིང་། སྐུ་ཕྲེང་རིམ་བྱོན་གྱི་འདྲ་སྐུ་རྣམས་བཞུགས་པའི་ལྷ་ཁང་ལ་འཁྲུངས་རབས་ལྷ་ཁང་ཞེས་ཟེར།
- language:
- Tibetan