- 'khrul zhig sbyor grol
- ID:
- T226193
- འཁྲུལ་ཞིག་སྦྱོར་གྲོལ (Tibetan, Tibetan script, Original)
- > 'khrul zhig sbyor grol (Tibetan, Latin script, Transliteration-THL Extended Wylie Transliteration)
- > trulshyik jor drol (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་ནི་འཇིག་རྟེན་ཆོས་བརྒྱད་ཀྱི་འཁྲུལ་སྣང་ཞིག་པའི་མཛད་པ་ལ་གོ་དགོས་པ་སྟེ<<རྡོ་རིང་རྣམ་ཐར>>(སི་ཁྲོན་གྱི་ལྕགས་དཔར་མ་སྟོད་ཆ་ཤོག་གྲངས་༥༨༡ཕྲེང༡༣)ནང་ལྷག་དོན་སྐྱབས་རྗེ་སེམས་དཔའ་གོང་མས་འཁྲུལ་ཞིག་སྦྱོར་གྲོལ་གྱི་མཛད་པ་ཐུགས་༡མས་སུ་བཞེས་པར་བརྟེན་ཞེས་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ(༡་འོན་རྒྱལ་སྲས་རིན་པོ་ཆེ། ༢་འོལ་ཁ་སླེ་ལུང་རྗེ་དྲུང་རིན་པོ་ཆེ། །༣་ལོ་སེམས་དཔའ་རིན་པོ་ཆེ)གྲས་ལོ་སེམས་དཔའ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་བློ་བཟང་བཤེས་གཉེན་གྲགས་པ་རྣམ་རྒྱལ་མཆོག་གིས་སླེ་ལུང་རྗེ་དྲུང་རིན་པོ་ཆེ་དང་འདྲ་བར་རིག་མ་སྣ་ཚོགས་ཤིག་བསྟེན་པ་གནང་ཞིང༌། ད་དུང་ན་བཟའ་གྲྭ་ཆས་མཛད་བཞིན་དུ་ཆང་བཞེས་པ་དང༌། སྐབས་རེ་མདའ་གཞུ་བསྣམས་ཏེ་རི་དྭགས་བརྔོན་པར་ཕེབས་པ་སོགས་ནི་འཇིག་རྟེན་ཆོས་བརྒྱད་ཀྱི་འཁྲུལ་སྣང་ཞིག་པའི་མཛད་པ་ཡིན་ཚུལ་སྐབས་དེར་དག་སྣང་ཅན་གྱི་མི་ཚོས་དད་པ་བྱེད་པ་དང༌། མང་ཆེ་བས་སེམས་དཔའ་སྨྱོན་པ་ཡོབྱེད་ཀྱི་ཡོད་པ་དེར་ཟེར།
- language:
- Tibetan
2. Thupten Phuntsok Dictionary
དེ་ནི་འཇིག་རྟེན་ཆོས་བརྒྱད་ཀྱི་འཁྲུལ་སྣང་ཞིག་པའི་མཛད་པ་ལ་གོ་དགོས་སོ། །
- language:
- Tibetan