Skip to main content Skip to search
'khrul zhig rin po che
ID:
T226194
  • འཁྲུལ་ཞིག་རིན་པོ་ཆེ (Tibetan, Tibetan script, Original)
    • > 'khrul zhig rin po che (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trulshyik rinpoche (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཡབ་བདེ་གཤེགས་ཆེན་པོ་ཤེས་རབ་འོད་དང༌། ཡུམ་མཁར་ཆུའི་རྣལ་འབྱོར་མ་བྱང་ཆུབསྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ཆུ་ལུག(༡༢༢༣)ལོར་སྐུ་བལྟམས། མཚན་རྙརྨ་སེང་གེ་ཞེས་བཏགས། དགུང་ལོ་བདུན་པ་ལ་བྱ་བའི་རིམ་པའི་ཆོགས་མང་དུ་མཁྱེན། སྙེ་མདོར་བདེ་གཤེགས་ཆེན་པོའི་དྲུང་དུ་ཀློག་དང་ཁ་འདོན་ལ་སྦྱངས། དེ་ནས་ཡུམ་ཡར་གྱིས་སློབ་གཉེར་བྱེད་དུ་མ་སྟེར་བར་རྟ་ཕྱུགས་འཚོར་བཅུག རྗེ་འདི་ཉིད་བྱིས་པའི་དུས་ནས་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་གོ། གང་ལ་ཡང་ཞེན་ཆགས་མེད་པས་རང་གི་ཟས་གོས་སུ་དགའ་བ་ལ་སྟེར་པས་འཁྲུལ་ཞིག་ཏུ་མཚན་ཐོགས། དགུང་ལོ་བཅུ་གཉིས་པ་ལ་ཡབ་ཀྱིས་ཕུར་བུའི་སྟོད་ལས་ཀྱི་དབང་བསྐུར། སྒྲུབ་པ་ལ་བཅུག་སྟེ་བསྙེན་པ་ལ་འབད་པས་རྟགས་ཁྱད་པར་ཅན་བྱུང༌། དུག་ཕུར་ནག་པོའི་ལག་ལེན་སོགས་དང་ཕུར་བུའི་ལུགས་རྒྱས་པར་གསན། དགུང་ལོ་བཅོ་ལྔ་པ་ལ་དགེ་བཤེས་ཀུན་དགའ་དང་གྲུབ་ཐོབ་སྤྱི་བདེ་བ་ལས་མངོན་རྟོགས་རྒྱན་དང་རྨ་ལུགས་སོགས་གསན། ཉི་ཤུ་རྩ་གཅིག་པ་ལ་བདེ་གཤེགས་ཆེན་པོ་ཉིད་ལ་མངའ་བའི་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་ཐམས་ཅད་གནང༌། བསྙེན་པ་བསྐྱལ་བས་རྒྱུ་ལམ་འབྲས་བུའི་རྟགས་མ་ལུས་ཚང༌། ཉི་ཤུ་རྩ་དགུ་པ་ལ་རྩེ་བ་སྒང་དུ་བཞུགས་ནས་ཐང་དབུས་པ་སོགས་བུ་སློབ་མང་དུ་བསྐྱངས། སྙེ་མདོ་ཐམས་ཅད་མཁྱེན་པས་གདན་ས་སྐྱོང་དགོས་པའི་ཞུ་ནན་མཛད་པས། སུམ་ཅུ་པ་ལ་རི་ཁྲོད་དུ་བཞུགས་ནས་གདན་ས་བསྐྱངས། སོ་གཉིས་པ་ལ་འབྲི་གུང་དུ་བྱོན་ནས་རྗེ་སྤྱན་སྔ་ནས་དང་ལྷ་དཀོན་མཆོག་འཕེལ་བས་རབ་ཏུ་བྱུང༌། ཞེ་གཅིག་པ་ལ་སྟོད་ལུང་དང་མཁར་ཆུར་བྱོན་ནས་གཞན་དོན་མཛད། ཞེ་གསུམ་པ་ལ་གྲུབ་ཐོབ་མེ་ལོང་རྡོ་རྗེ་ལ་སོགས་པ་ཡང་གདམས་པས་ཚིམ་པར་མཛད། ཞེ་བཞི་པ་ལ་རང་གི་སྲས་སྒྲུབ་པ་པོ་ཕག་མོ་གྲུ་ནས་བོས་ཏེ་རི་ཁྲོད་དུ་གདན་སར་ཀ་སྔ་འཚལ་བ་རི་ཁྲོད་དུ་བསྐོས། དགུང་ལོ་ལྔ་བཅུ་ང་གཅིག་ནས་ལོ་སུམ་ཅུ་སོ་གཅིག་རིང་བར་ཟུར་སྟོད་དུ་ཐུགས་དམ་འབའ་ཞིག་མཛད། དགུང་གྲངས་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པ་རབ་བྱུང་ལྔ་པའི་ཆུ་ཡོས(༡༣༠༣)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། འདི་ལ་སྲས་ལྔ་བྱུང་བ་སྟེ། ཆེ་བ་སྒྲུབ་པ་པོ་སངས་རྒྱས་རིན་ཆེན། གཉིས་པ་སྤྱན་སྔ་དཔལ་ཆེན། གསུམ་པ་དུས་གསུམ་མཁྱེན་པ། བཞི་པ་སྤྱན་སྔ་འཚལ་བར་ཤཱཀྱ་རྒྱལ་མཚན། ལྔ་པ་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་བཅས་སོ། །

language:
Tibetan

2. Thupten Phuntsok Dictionary

ཡབ་བདེ་གཤེགས་ཆེན་པོ་ཤེས་རབ་འོད་དང་། ཡུམ་མཁར་ཆུའི་རྣལ་འབྱོར་མ་བྱང་ཆུབ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ཆུ་ལུག (༡༢༢༣) ལོར་སྐུ་བལྟམས། མཚན་དྷརྨ་སེང་གེ་ཞེས་བཏགས། དགུང་ལོ་བདུན་པ་ལ་བྱ་བའི་རིམ་པའི་ཚོགས་མང་དུ་མཁྱེན། སྙེ་མདོར་བདེ་གཤེགས་ཆེན་པོའི་དྲུང་དུ་ཀློག་དང་ཁ་འདོན་ལ་སྦྱངས། དེ་ནས་ཡུམ་ཡར་གྱིས་སློབ་གཉེར་བྱེད་དུ་མ་སྟེར་བར་རྟ་ཕྱུག་འཚོར་བཅུག རྗེ་འདི་ཉིད་བྱིས་པའི་དུས་ནས་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་གོ གང་ལ་ཡང་ཞེན་ཆགས་མེད་པས་རང་གི་ཟས་གོས་སུ་དགའ་བ་ལ་སྟེར་པས་འཁྲུལ་ཞིག་ཏུ་མཚན་ཐོགས། དགུང་ལོ་བཅུ་གཉིས་པ་ལ་ཡབ་ཀྱིས་ཕུར་བུའི་སྟོད་ལས་ཀྱི་དབང་བསྐུར། སྒྲུབ་པ་ལ་བཅུག་སྟེ་བསྙེན་པ་ལ་འབད་པས་རྟགས་ཁྱད་པར་ཅན་བྱུང་། དུག་ཕུར་ནག་པོའི་ལག་ལེན་སོགས་དང་ཕུར་བུའི་ལུགས་རྒྱས་པར་གསན། དགུང་ལོ་བཅོ་ལྔ་པ་ལ་དགེ་བཤེས་ཀུན་དགའ་དང་གྲུབ་ཐོབ་སྤྱི་བདེ་བ་ལས་མངོན་རྟོགས་རྒྱན་དང་རྨ་ལུགས་སོགས་གསན། ཉི་ཤུ་རྩ་གཅིག་པ་ལ་བདེ་གཤེགས་ཆེན་པོ་ཉིད་ལ་མངའ་བའི་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་ཐམས་ཅད་གནང་། བསྙེན་པ་བསྐྱལ་བས་རྒྱུ་ལམ་འབྲས་བུའི་རྟགས་མ་ལུས་ཚང་། ཉི་ཤུ་རྩ་དགུ་པ་ལ་རྩེ་བ་སྒང་དུ་བཞུགས་ནས་ཐང་དབུས་པ་སོགས་བུ་སློབ་མང་དུ་བསྐྱངས། སྙེ་མདོ་ཐམས་ཅད་མཁྱེན་པས་གདན་ས་སྐྱོང་དགོས་པའི་ཞུ་ནན་མཛད་པས། སུམ་ཅུ་པ་ལ་རི་ཁྲོད་དུ་བཞུགས་ནས་གདན་ས་བསྐྱངས། སོ་གཉིས་པ་ལ་འབྲི་གུང་དུ་བྱོན་ནས་རྗེ་སྤྱན་སྔ་ནས་དང་ལྷ་དཀོན་མཆོག་འཕེལ་བས་རབ་ཏུ་བྱུང་། ཞེ་གཅིག་པ་ལ་སྟོད་ལུང་དང་མཁར་ཆུར་བྱོན་ནས་མཛད། ཞེ་གསུམ་པ་ལ་གྲུབ་ཐོབ་མེ་ལོང་རྡོ་རྗེ་ལ་སོགས་པ་ཡང་གདམས་པས་ཚིམ་པར་མཛད། ཞེ་བཞི་པ་ལ་རང་གི་སྲས་སྒྲུབ་པ་པོ་ཕག་མོ་གྲུ་ནས་བོས་ཏེ་རི་ཁྲོད་དུ་གདན་སར་བསྐོས། ཞེ་དགུ་པ་ལ་སྤྱན་སྔ་འཚལ་བ་རི་ཁྲོད་དུ་བསྐོས། དགུང་ལོ་ལྔ་བཅུ་ང་གཅིག་ནས་ལོ་སུམ་ཅུ་སོ་གཅིག་རིང་བར་ཟུར་སྟོད་དུ་ཐུགས་དམ་འབའ་ཞིག་མཛད། མཐར་དགུང་གྲངས་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པ་རབ་བྱུང་ལྔ་པའི་ཆུ་ཡོས (༡༣༠༣) ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། འདི་ལ་སྲས་ལྔ་བྱུང་བ་སྟེ། ཆེ་བ་སྒྲུབ་པ་པོ་སངས་རྒྱས་རིན་ཆེན། གཉིས་པ་སྤྱན་སྔ་དཔལ་ཆེན། གསུམ་པ་དུས་གསུམ་མཁྱེན་པ། བཞི་པ་སྤྱན་སྔ་འཚལ་བར་ཤཱཀྱ་རྒྱལ་མཚན། ལྔ་པ་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་བཅས་སོ། །

language:
Tibetan