- 'khrul zhig seng ge rgyab pa
- ID:
- T226195
- འཁྲུལ་ཞིག་སེང་གེ་རྒྱབ་པ (Tibetan, Tibetan script, Original)
- > 'khrul zhig seng ge rgyab pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > trulshyik sengé gyabpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གསང་སྔགས་སྔ་འགྱུར་གྱི་བསྟན་འཛིན་ཆེན་པོ་ཞིག འཁྲུངས་འདས་ཀྱི་ལོ་ཁམས་གསལ་བར་མ་རྙེད། གུ་རུ་ཇོ་འབེར་གྱི་སློབ་མ་དང༌། གྲུབ་ཆེན་མེ་ལོང་རྡོ་རྗེའི་བླ་མ་ཡིན། གཡོ་རུ་གྲའི་ཕུ་སོ་གད་འཕྲང་དུ་ཡབ་བཀྲ་ཤིས་དངོས་གྲུབ་དང་ཡུམ་དཔལ་ལེ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དགུ་ནས་ཆོས་ཕྱོགས་ལ་དག་སྣང་དང་མོས་གུས་ཆེ། དགུང་ལོ་ཉི་ཤུ་པ་ལ་མཁན་པོ་ལྡེའུ་སྒང་པ་དང༌། སློབ་དཔོན་བཀྲ་ཤིས་སྣང་བ་གཉིས་ལས་རབ་ཏུ་བྱུང༌། དགུང་ལོ་ཉི་ཤུ་རྩ་ལྔ་པ་ལ་གྲི་ཞལ་དུ་སློབ་དཔོན་སེང་གེ་རྒྱབ་པ་བར་པའི་དྲུང་དུ་ཚལ་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་རྣམས་གསན། གཞན་ཡང་བླ་མ་ཙཱ་རི་བ་དང༌། རས་པ་དྲི་མེད་འོད། ལྷ་རི་དཔལ། གཞོན་ནུ་འབུམ། སློབ་དཔོན་ཇོ་སྲས་ལ་སོགས་པ་མང་པོར་བསྟེན་ནས་ཞི་བྱེད་དང༌། ཕྱག་ཆེན། གསང་སྔགས་གསར་རྙིང་ལ་སོགས་པའི་ཆོས་སྐོར་མང་དུ་གསན། གཙོ་བོར་གུ་རུ་ཇོ་འབེར་གྱི་དྲུང་ནས་རྫོགས་ཆེན་སྙིང་ཐིག་གི་ཆོས་སྐོར་ཆ་ཚང་བ་གསན་ནས་མི་མེད་ལུང་སྟོང་དང་རི་ཁྲོད་ཁག་ཏུ་གནས་ངེས་མེད་ཀྱི་སྒོ་ནས་ལོ་མང་པོའི་བར་ཉམས་བཞེས་སྒོམ་སྒྲུབ་མཛད། སློབ་མ་ཉུང་ཤས་ལ་སྙིང་ཐིག་གི་ཆོས་སྐོར་དར་སྤེལ་གནང༌། དགུང་ལོ་དྲུག་ཅུ་རེ་བཞི་པར་སྐུ་གཤེགས། རྣམ་ཐར་ལོ་རྒྱུས་སྐོར<<དེབ་སྔོན>>ལྕགས་དཔར་མ་དེབ་དང་པོའི་ཤོག་གྲངས༢༤༣ནས༢༤༤བར་དང<<གུ་བཀྲ་ཆོས་འབྱུང>>ལྕགས་དཔར་མའི་ཤོག་གྲངས༢༠༧་ནས༢༡བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
གསང་སྔགས་སྔ་འགྱུར་གྱི་བསྟན་འཛིན་ཆེན་པོ་ཞིག འཁྲུངས་འདས་ཀྱི་ལོ་ཁམས་གསལ་བར་མ་རྙེད། གུ་རུ་ཇོ་འབེར་གྱི་སློབ་མ་དང་། གྲུབ་ཆེན་མེ་ལོང་རྡོ་རྗེའི་བླ་མ་ཡིན། གཡོ་རུ་གྲའི་ཕུ་སོ་གད་འཕྲང་དུ་ཡབ་བཀྲ་ཤིས་དངོས་གྲུབ་དང་ཡུམ་དཔལ་ལེ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དགུ་ནས་ཆོས་ཕྱོགས་ལ་དག་སྣང་དང་མོས་གུས་ཆེ། དགུང་ལོ་ཉི་ཤུ་པ་ལ་མཁན་པོ་ལྡེའུ་སྒང་པ་དང་། སློབ་དཔོན་བཀྲ་ཤིས་སྣང་བ་གཉིས་ལས་རབ་ཏུ་བྱུང་། དགུང་ལོ་ཉི་ཤུ་རྩ་ལྔ་པ་ལ་གྲི་ཞལ་དུ་སློབ་དཔོན་སེང་གེ་རྒྱབ་པ་བར་པའི་དྲུང་དུ་ཚལ་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་རྣམས་གསན། གཞན་ཡང་བླ་མ་ཙཱ་རི་བ་དང་། རས་པ་དྲི་མེད་འོད། ལྷ་རི་དཔལ། གཞོན་ནུ་འབུམ། སློབ་དཔོན་ཇོ་སྲས་ལ་སོགས་པ་མང་པོར་བསྟེན་ནས་ཞི་བྱེད་དང་། ཕྱག་ཆེན། གསང་སྔགས་གསར་རྙིང་ལ་སོགས་པའི་ཆོས་སྐོར་མང་དུ་གསན། གཙོ་བོ་གུ་རུ་ཇོ་འབོར་གྱི་དྲུང་ནས་རྫོགས་ཆེན་སྙིང་ཐིག་གི་ཆོས་སྐོར་ཆ་ཚང་བ་གསན་ནས་མི་མེད་ལུང་སྟོང་དང་རི་ཁྲོད་ཁག་ཏུ་གནས་ངེས་མེད་ཀྱི་སྒོ་ནས་ལོ་མང་པོའི་བར་ཉམས་བཞེས་སྒོམ་སྒྲུབ་མཛད། སློབ་མ་ཉུང་ཤས་ལ་སྙིང་ཐིག་གི་ཆོས་སྐོར་དར་སྤེལ་གནང་། དགུང་ལོ་དྲུག་ཅུ་རེ་བཞི་པར་སྐུ་གཤེགས།
- language:
- Tibetan