- ga ri dgon pa
- ID:
- T226217
- ག་རི་དགོན་པ (Tibetan, Tibetan script, Original)
- > ga ri dgon pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > ga ri gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་ཡང་ལྷ་ས་བརྒྱུད་ཀྱི་ཁ་རྒྱུན་དུ་ག་རི་དགོན་པ་ཞེས་འབོད་པ་སྟེ་ཕ་བོང་ཁ་རི་ཁྲོད་ཀྱི་རྒྱབ་ཏུ་ཡོད་པའི་གར་དགོན་བསམ་གཏན་གླིང(བཙུན་དགོན)ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་རྒྱ་གར་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱིས་ཕྱག་བཏབ། ཕ་དམ་པ་སངས་རྒྱས་ས་དེར་ཕེབས་སྐབས་མཁའ་འགྲོས་གར་འཁྲབ་པ་གཟིགས་པས་གར་དགོན་ཞེས་མིང་བཏགས། ཐོག་མར་གྲུབ་མཐའ་ཞི་བྱེད་ཡིན་ཀྱང་དུས་རབས་བཅོ་བརྒྱད་པའི་ནང་དགེ་ལུགས་སུ་བསྒྱུར་ནས་ཕ་བོང་ཁའི་མཁན་པོ་རྒྱ་མཚོ་མཐའ་ཡས(བྲག་རི་སྐུ་ཕྲེང་དང་པོ)ཀྱིས་ཞལ་འཛིན་གནང་བ་ནས་བཟུང་བྲག་རི་སྤྲུལ་སྐུ་སྐུ་ཕྲེང་ན་རིམ་དང་བླ་སློབ་ཀྱི་འབྲེལ་བ་ཆགས། དགོན་གནས་ཆགས་ཡུལ་རི་ཆུ་རྩི་ཤིང་སོགས་བཀོད་པ་མཛེས་ཤིང་ཉམས་དགའ་བ་ཞིག་ཡོད། བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་བཙུན་མ་བརྒྱད་ཅུ་སྐོར་ཡོད། དགོན་བདག་བྲག་རི་བླ་བྲང་ནས་བྱེད།
- language:
- Tibetan
2. Thupten Phuntsok Dictionary
དེ་ཡང་ལྷ་ས་བརྒྱུད་ཀྱི་ཁ་རྒྱུན་དུ་ག་རི་དགོན་པ་ཞེས་འབོད་པ་སྟེ་ཕ་བོང་ཁ་རི་ཁྲོད་ཀྱི་རྒྱབ་ཏུ་ཡོད་པའི་གར་དགོན་བསམ་གཏན་གླིང་ (བཙུན་དགོན) ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་རྒྱ་གར་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱིས་ཕྱག་བཏབ། ཕ་དམ་པ་སངས་རྒྱས་ས་དེར་ཕེབས་སྐབས་མཁའ་འགྲོས་གར་འཁྲབ་པ་གཟིགས་པས་གར་དགོན་ཞེས་མིང་བཏགས། ཐོག་མར་གྲུབ་མཐའ་ཞི་བྱེད་ཡིན་ཀྱང་དུས་རབས་བཅོ་བརྒྱད་པའི་ནང་དགེ་ལུགས་སུ་བསྒྱུར་ནས་ཕ་བོང་ཁའི་མཁན་པོ་རྒྱ་མཚོ་མཐའ་ཡས་ (བྲག་རི་སྐུ་ཕྲེང་དང་པོ) ཀྱིས་ཞལ་འཛིན་གནང་བ་ནས་བཟུང་བྲག་རི་སྤྲུལ་སྐུ་སྐུ་ཕྲེང་རིམ་དང་བླ་སློབ་ཀྱི་འབྲེལ་བ་ཆགས། དགོན་གནས་ཆགས་ཡུལ་རི་ཆུ་རྩི་ཤིང་སོགས་བཀོད་པ་མཛེས་ཤིང་ཉམས་དགའ་བ་ཞིག་ཡོད། བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་བཙུན་མ་བརྒྱད་ཅུ་སྐོར་ཡོད། དགོན་བདག་བྲག་རི་བླ་བྲང་ནས་བྱེད།
- language:
- Tibetan