- ga rong tshul khrims 'byung gnas
- ID:
- T226219
- ག་རོང་ཚུལ་ཁྲིམས་འབྱུང་གནས (Tibetan, Tibetan script, Original)
- > ga rong tshul khrims 'byung gnas (Tibetan, Latin script, Transliteration-THL Extended Wylie Transliteration)
- > ga rong tsultrim jungné (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ལ་ཡོངས་གྲགས་སུ་སྟེང་པ་ལོ་ཙཱ་བ་ཟེར་ཞིང༌། བཀའ་འགྱུར་གྱི་མདོ་ཕྱོགས་ཕལ་ཆེ་བའི་ལུང་རྒྱུན་གསན་ནས་བོད་དུ་དར་སྤེལ་མཛད་པ་པོ་ཡིན། ཡབ་སྟེང་པ་ཏོག་འབར་དང༌། ཡུམ་མདའ་མོ་བུ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་མེ་ཕག(༡༡༠༧)ལོར་འཁྲུངས། དགུང་ལོ་བཅོ་ལྔ་པ་ལྕགས་གླང(༡༡༢༡)ལོར་མྱང་སྟོད་དུ་རྒྱ་འདུལ་འཛིན་གྱི་དྲུང་དུ་རབ་ཏུ་བྱུང༌། མཆིམས་ཐམས་ཅད་མཁྱེན་པའི་དྲུང་དུ་ཕར་ཕྱིན་སློབ་གཉེར་མཛད། དགུང་ལོ་བཅུ་དགུ་ལ་རྒྱ་འདུལ་འ། ཛིན་གྱིས་མཁན་པོ་དང༌། གཉལ་པ་དགེ་འདུན་སྐྱབས་ཀྱིས་སློབ་དཔོན་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་མི་རིང་བར་བལ་ཡུལ་བརྒྱུད་རྒྱ་གར་དུ་བྱོན། རྡོ་རྗེ་གདན་དུ་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་བཞུགས་པ་དང་མཇལ་ནས་ཁོང་གི་དྲུང་དུ་ལོ་བཅུ་བཞུགས། དེ་ནས་ཡབ་གཤེགས་པ་གསན་ནས་དགོངས་རྫོགས་སྒྲུབ་ཆེད་བོད་དུ་ཕེབས། ཡབ་ཀྱིས་བཞེངས་འཕྲོར་ལུས་པའི་འབུམ་རྒྱས་འབྲིང་བསྡུས་གསུམ་གྱི་མཇུག་སྐྱོང་མཛད་རྗེས། གསེར་སྲང་ལྔ་བཅུ་ཙམ་བསྣམས་ཏེ་རྒྱ་གར་རྡོ་རྗེ་གདན་དུ་ཕེབས། ཙ་མི་སངས་རྒྱས་གྲགས་སྐུ་གཤེགས་ཟིན་ནས་མ་མཇལ་ཡང་སྐུ་གདུང་ལ་མཆོད་འབུལ་མཛད། ཐེངས་འདིར་རྒྱ་གར་དུ་ལོ་ལྔ་བཞུགས་པའི་རིང༌། པཎྜི་སི་ག་ཏ་བིར་ཝ། དཱ་ས་བྷ་ལ་ཤྲི་སོགས་པཎྜི་བཅུ་གསུམ་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན། ཁ་ཆེའི་པཎྜི་སྤྱན་གསུམ་པའི་སློབ་བརྒྱུད་ཨ་ལཇ་དེ་བ་བོད་དུ་གདན་དྲངས། རྒྱ་དཔེ་མི་ཁུར་མང་པོ་ལོངས་པ་བསྣམས་ནས<<སྒྲུབ་ཐབས་བསྡུས་པ་ཆེན་པོ>><<འདུལ་བ་རང་གི་རྣམ་བཤད>><<ཉི་ཁྲི་གཞུང་འགྲེལ>><<སྐྱེས་རབས་སོ་བཞི་པ>><<དུས་འཁོར་རྩ་རྒྱུད>><<གསང་འདུས་འཕགས་སྐོར་དང་ལཇ་དེ་བའི་ལུགས>>སོགས་གསར་འགྱུར་དང་འགྱུར་བཅོས་མང་དུ་མཛད། སླར་ཡང་རྒྱ་གར་དུ་བྱོན་ནས་ལོ་གསུམ་རིང<<བྱེ་བྲག་ཏུ་བཤད་པ་ཆེན་མོ>>ལ་སློབ་གཉེར་མཛད། དེའི་རྒྱ་དཔེ་བོད་དུ་གདན་དྲངས་ནས་བོད་སྐད་དུ་བསྒྱུར་གནང་མཛད་མུས་སུ། སུམ་ཆ་གཉིས་ཙམ་བསྒྱུར་ཟིན་སྐབས་པཎྜི་སྐུ་གཤེགས་པས་བསྒྱུར་འཕྲོར་ལུས(འདིའི་དཔེ་དེང་སང་མ་རྙེད་པ་ཤིན་ཏུ་ཕངས) པཎྜི་དགོངས་རྫོགས་ལ་ཆོས་ཁྲི་བཞི་བཅུ་ཞེ་བརྒྱད་ཙམ་བརྩིགས་ནས་ཆོས་འཁོར་ཆེན་མོ་ཞིག་མཛད། ཀུན་མཁྱེན་གྲོ་ལུང་པ་བློ་གྲོས་འབྱུང་གནས་སོགས་བོད་ཀྱི་མཁས་པ་ཆེན་པོ་ཐམས་ཅད་ཀྱིས་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་གསན། དགུང་ལོ་བརྒྱད་ཅུ་གྱ་བཞི་པ་རབ་བྱུང་གསུམ་པའི་ལྕགས་ཁྱི(༡༡༩༠)ལོར་སྐུ་གཤེགས། ལོ་རྒྱུས་སྐོར<<དེབ་སྔོན>>ལྕགས་དཔར་མའི་ཤོག་གྲངས་༡༢༢༣ནས་༡༢༢༦བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
འདི་ལ་ཡོང་གྲགས་སུ་སྟེང་པ་ལོ་ཙཱབ་ཟེར་ཞིང་། བཀའ་འགྱུར་གྱི་མདོ་ཕྱོགས་ཕལ་ཆེ་བའི་ལུང་རྒྱུན་གསན་ནས་བོད་དུ་དར་སྤེལ་མཛད་པ་པོ་ཡིན། ཡབ་སྟེང་པ་ཏོག་འབར་དང་། ཡུམ་མདའ་མོ་བུ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་མེ་ཕག (༡༡༠༧) ལོར་འཁྲུངས། དགུང་ལོ་བཅོ་ལྔ་པ་ལྕགས་གླང་ (༡༡༢༡) ལོར་མྱང་སྟོད་དུ་རྒྱ་འདུལ་འཛིན་གྱི་དྲུང་དུ་རབ་ཏུ་བྱུང་། དགུང་ལོ་བརྒྱད་ཅུ་གྱ་བཞི་པ་རབ་བྱུང་གསུམ་པའི་ལྕགས་ཁྱི (༡༡༩༠) ལོར་སྐུ་གཤེགས།
- language:
- Tibetan