- ga les nos
- ID:
- T226221
- ག་ལེས་ནོས (Tibetan, Tibetan script, Original)
- > ga les nos (Tibetan, Latin script, Transliteration-THL Extended Wylie Transliteration)
- > ga lé nö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(འཛོ་རོ་ཡང་ཞུ)བོད་རྒྱལ་སྲོང་བཙན་སྒམ་པོའི་སྙུན་གསོ་ཕྱིར་སྟག་གཟིགས་གམ་ཁྲོམ་གྱི་ཡུལ་ནས་གདན་དྲངས་པའི་སྨན་པ་མཁས་པ་ཞིག འདི་དང་རྒྱ་ནག་གི་སྨན་པ་ཧན་ཝན་ཧད། རྒྱ་གར་གྱི་སྨན་པ་བྷ་ར་དྷ་ཛ་གསུམ་གྱིས<<མི་འཇིགས་པའི་མཚོན་ཆ>>བརྩམས་རྗེས་རྒྱ་དཀར་ནག་གི་སྨན་པ་གཉིས་རང་རང་གི་ཡུལ་དུ་བྱོན། ག་ལེས་ནོས་བོད་རྗེའི་བླ་སྨན་དུ་བཞུགས། བསྟན་བཅོས་ཀྱང་དུ་མ་བརྩམས་པར་གྲགས། འདི་ཉིད་ལ་སྲས་གསུམ་བྱུང་བའི་ཆེ་བ་གཙང་སྟོད་དུ་བཏང་བས་བི་ཇི་སོགས་ཀྱི་རྒྱུད་པ་དར། འབྲིང་པོ་གཡོར་པོར་བརྫངས་པས་ལྷོ་རོང་གི་སྨན་པ་རྣམས་འཕེལ། ཆུང་བ་ཡབ་ཀྱི་སྐུར་བཅར་བ་སོག་པོ་སྨན་པ་ཞེས་གླེང༌། ཕྱིས་འདི་ཉིད་ལ་མཚན་འཛོ་རོ་ཞེས་འབོད་ཅིང༌། བོད་ཀྱི་རིགས་བཟང་བ་འགའ་སློབ་མར་འདོད་རུང་མ་གནང་བར་རིགས་ངན་པ་རྟུག་ ལྗང༌། སྣིགས། རྨོངས་ཞེས་པ་བཞིར་སྨན་དཔྱད་སློབ་ཏུ་བཅུག མིང་འཚོ་བྱེད་སྨན་པར་བཏགས། བྱ་དགའ་ལ་གཙིགས་ཆེན་དགུ་དང་གཙིགས་ཆུང་གསུམ་སྟེ་བཅུ་གཉིས་གནང༌། སྟོད་ཕྱོགས་བོད་ཀྱི་ལུགས་ཟེར་བའང་ག་ལེས་ནོས་དང་དེའི་རིགས་སྲས་རྣམས་གངས་ཅན་ལྗོངས་ཀྱི་སྨན་དཔྱད་བསྟན་པའི་སྒྲོན་མེ་ལྟ་བུར་གྱུར་པས་དེ་ལྟར་བྱུང་བར་བཞེད་མཁན་ཡང་ཡོད།
- language:
- Tibetan
2. Thupten Phuntsok Dictionary
(འཛོ་རོ་ཡང་ཞུ) བོད་རྒྱལ་སྲོང་བཙན་སྒམ་པོའི་སྙུན་སྒོ་ཕྱིར་སྟག་གཟིགས་གམ་ཁྲོམ་གྱི་ཡུལ་ནས་གདན་དྲངས་པའི་སྨན་པ་མཁས་པ་ཞིག
- language:
- Tibetan