- gang ba spel
- ID:
- T226240
- གང་བ་སྤེལ (Tibetan, Tibetan script, Original)
- > gang ba spel (Tibetan, Latin script, Transliteration-THL Extended Wylie Transliteration)
- > gangwa pel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྒྱ་གར་གྱི་སློབ་དཔོན་མངོན་པ་མཛོད་ལ་མཁས་པ་ཞིག་གི་མཚན་ཡིན། འདིའི་ལོ་རྒྱུས་གསལ་བ་མ་རྙེད་ཅིང༌། ཇོ་ནང་ཏཱ་ར་ནཱ་ཐའི<<རྒྱ་གར་ཆོས་འབྱུང>>ལས་རྒྱ་གར་གྱི་རྒྱལ་པོ་ཌྨརྨ་པཱ་ལའི་དུས་སུ་བྱུང་ཞེས་གསུངས། རྒྱ་གར་གྱི་རྒྱལ་པོ་ཌྨརྨ་པཱ་ལ་ནི། གོང་གསལ་ཆོས་འབྱུང་རང་གི་ལུགས་ལྟར་ན(སྤྱི་ལོ༧༩༡ནས༨༥༤བར)ལོ་དྲུག་ཅུ་རེ་བཞིའི་བར་སྲིད་དབང་བཟུང་བ་དེའི་སྐབས་སུ་བྱུང༌། སློབ་དཔོན་འདིས<<མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ>>ཞེས་ཁ་བྱང་དུ་འཁོད་པ་བརྩམ་གནང་མཛད་པ། དུས་རབས་བཅུ་གཅིག་པའི་དཀྱིལ་དུ། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་མངའ་རིས་སྤུ་ཧྲེངས་དུ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར། སྡེ་དགེ་བསྟན་འགྱུར་གྱི་པོད[ཅུ][ཆུ]གཉིས་ཀྱི་ནང་དུ་བཞུགས།
- language:
- Tibetan
2. Thupten Phuntsok Dictionary
རྒྱ་གར་གྱི་སློབ་དཔོན་མངོན་པ་མཛོད་ལ་མཁས་པ་ཞིག་གི་མཚན་ཡིན།
- language:
- Tibetan
3. Lokesh Chandra Tibetan-Sanskrit dictionary
- Sanskrit:
- pūrṇavardhana