- gang zag rang rkya thub pa'i rdzas yod du 'dzin pa
- ID:
- T226255
- གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ (Tibetan, Tibetan script, Original)
- > gang zag rang rkya thub pa'i rdzas yod du 'dzin pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > gangzak rangkya tubpé dzeyö du dzinpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དབུ་མ་རང་རྒྱུད་པའི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་ཁས་ལེན་པའི་གང་ཟག་གི་བདག་འཛིན་ཕྲ་མོ་སྟེ་བདག་འཇིན་དེའི་འཛིན་ཚུལ་ནི། གང་ཟག་དང་ཕུང་པོ་གཉིས་རྗེ་བོ་དང་ཁོལ་པོ་ལྟར་མཚན་ཉིད་མི་མཐུན་པའི་རང་རྐྱ་བར་སྣང་ཞིང༌། སྣང་བ་ལྟར་དུ་གྲུབ་པར་འཛིན་པ་དེ་ཡིན་ཅིང༌། འཛིན་པ་དེའི་ཞེན་ཡུལ་གང་ཟག་ཕུང་པོ་ལ་མི་ལྟོས་པའི་རང་རྐྱ་བ་དེ་བཀག་ནས། གང་ཟག་ནི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་དུ་བཞེད་པ་ལ། ནང་པའི་གྲུབ་མཐའ་སྨྲ་བའི་ནང་ནས་མང་བཀུར་སྡེ་པ་མ་གཏོགས་པ་དབུ་མ་རང་རྒྱུད་པ་མན་ཆད་འདྲ་བ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
དབུ་མ་རང་རྒྱུད་པའི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་ཁས་ལེན་པའི་གང་ཟག་གི་བདག་འཛིན་ཕྲ་མོ་སྟེ་བདག་འཛིན་དེའི་འཛིན་ཚུལ་ནི། གང་ཟག་དང་ཕུང་པོ་གཉིས་རྗེ་བོ་དང་ཁོལ་པོ་ལྟར་མཚན་ཉིད་མི་མཐུན་པའི་རང་རྐྱ་བར་སྣང་ཞིང་། སྣང་བ་ལྟར་དུ་གྲུབ་པར་འཛིན་པ་དེ་ཡིན་ཅིང་། འཛིན་པ་དེའི་ཞེན་ཡུལ་གང་ཟག་ཕུང་པོ་ལ་མི་ལྟོས་པའི་རང་རྐྱ་བ་དེ་བཀག་ནས། གང་ཟག་ནི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་དུ་བཞེད་པ་ལ། ནང་པའི་གྲུབ་མཐའ་སྨྲ་བའི་ནང་ནས་མང་བཀུར་སྡེ་པ་མ་གཏོགས་པ་དབུ་མ་རང་རྒྱུད་པ་མན་ཆད་འདྲ་བ་ཡིན།
- language:
- Tibetan