Skip to main content Skip to search
gangs kyi seng ge
ID:
T226264
  • གངས་ཀྱི་སེང་གེ (Tibetan, Tibetan script, Original)
    • > gangs kyi seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gang kyi sengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་དུ་ཡོངས་གྲགས་ངག་རྒྱུན་ཐོག་ཤོད་སྲོལ་ལ་གཅན་གཟན་གྱི་རྒྱལ་པོ་སེང་གེ་ནི་གངས་རིའི་ཐོག་གནས་ཞེས་མཁས་བླུན་ཚང་མས་གླེང་མེད་ལྟ་བུར་ཁས་ལེན་པ་མ་ཟད། རིག་གནས་ཀྱི་གཞུང་མང་པོའི་ནང་དུ་ཡང་དེ་ལྟར་འཁོད་ཡོད་ཀྱང་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་རབ་བྱུང་ལྔ་པའི་མེ་ཁྱི(༡༢༧༦)ལོ་ནས་རབ་བྱུང་དྲུག་པའི་ཆུ་རྟ(༡༣༤༢)བར་མཛད་པའི<<སྙན་ངག་མེ་ལོང་གི་འགྲེལ་པ་གཞུང་དོན་གསལ་བ>>ལས། སེང་གེ་ནགས་ལ་གནས་པ་ལས་གངས་རི་ལ་གནས་པའི་སེང་གེ་མེད་པའི་སྒྲུབ་བྱེད་གསུངས་པ་ལྟར། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི<<རི་ཧི་མ་ལ་ཡའི་བསྟན་བཅོས>>དམ་པ་དེའི་གསུང་རྩོམ་ཕྱོགས་བསྒྲིགས་དེབ་གཉིས་པའི་ནང་དུ་ཡང་གངས་ལ་གནས་པའི་སེང་གེ་མེད་པའི་སྒྲུབ་བྱེད་དོགས་གཅོད་དང་བཅས་པ་གསུངས་ཡོད་པ་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

གངས་རིའི་ནང་དུ་གནས་པའི་སེང་གེ་ཞིག་ཡོད་པ་བཤད་སྲོལ་ཡོད་པ་རེད། འོན་ཀྱང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་རི་ཧཱི་མ་ལ་ཡའི་བསྟན་བཅོས་དམ་པ་དེའི་གསུང་རྩོམ་ཕྱོགས་བསྒྲིགས་དེབ་གཉིས་པའི་ནང་དུ་ཡང་གངས་ལ་གནས་པའི་སེང་གེ་མེད་པའི་སྒྲུབ་བྱེད་དོགས་གཅོད་དང་བཅས་པ་གསུངས་ཡོད་པ་དེར་གཟིགས།

language:
Tibetan