Skip to main content Skip to search
gangs can chos 'phel
ID:
T226273
  • གངས་ཅན་ཆོས་འཕེལ (Tibetan, Tibetan script, Original)
    • > gangs can chos 'phel (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gangchen chö pel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་གཉིས་པ་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱིས་ཕྱག་བཏབ་པའི་དགོན་པ་ཞིག་གི་མིང༌། ཤངས་ཀྱི་ཕུ་སྟག་ལ་ནུབ་བརྒྱུད་དུ་ཡོད། དགོན་པ་འདི་ཕྱག་འདེབས་པའི་ལོ་ཁམས་གསལ་བ་མ་རྙེད་ཀྱང༌། དམ་པ་འདི་དགུང་ལོ་རེ་བདུན་པ་ཤིང་ལུག(༡༤༧༥)ལོར་བཀྲ་ཤིས་ལྷུན་པོའི་ཁྲིར་ཕེབས་པ་ལ་བརྟགས་ན། དེའི་གོང་དུ་ཕྱག་བཏབ་པ་ནི་ངེས་གསལ་ཡིན། འདི་ལ་ནང་གསེས་མཚན་ཉིད་གྲྭ་ཚང་དང༌། སྔགས་པ་གྲྭ་ཚང་གཉིས་ཡོད་ཅིང༌། མཚན་ཉིད་གྲྭ་ཚང་དུ་ཀུན་མཁྱེན་སྟོབས་འབར་བས་མཛད་པའི<<དབུ་མའི་རྣམ་བཤད>>དང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི<<ཕར་ཕྱིན་བློ་བཟང་དགོངས་རྒྱན>>གཉིས་ལ་སློབ་གཉེར་གནང་སྲོལ་ཡོད། སྔགས་པ་གྲྭ་ཚང་ནི་དགེ་ལུགས་སྤྱི་དང་འདྲ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ཨང་དང་གྲྭ་གྲངས་སུམ་བརྒྱ་དང་ལྔ་བཅུ་སྐོར་ཡོད།

language:
Tibetan

2. Thupten Phuntsok Dictionary

བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་གཉིས་པ་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱིས་ཕྱག་བཏབ་པའི་དགོན་པ་ཞིག་གི་མིང་། ཤངས་ཀྱི་ཕུ་སྟག་ལ་ནུབ་བརྒྱུད་དུ་ཡོད། དགོན་པ་འདི་ཕྱག་འདེབས་པའི་ལོ་ཁམས་གསལ་བ་མ་རྙེད་ཀྱང་། དམ་པ་འདི་དགུང་ལོ་རེ་བདུན་པ་ཤིང་ལུག (༡༤༧༥) ལོར་བཀྲ་ཤིས་ལྷུན་པོའི་་ཕེབས་པ་ལ་བརྟགས་ན། དེའི་གོང་དུ་ཕྱག་བཏབ་པ་ནི་ངེས་གདན་སར་གསལ་ཡིན། འདི་ལ་ནང་གསེས་མཚན་ཉིད་གྲྭ་ཚང་། སྔགས་པ་གྲྭ་ཚང་གཉིས་ཡོད་ཅིང་། མཚན་ཉིད་གྲྭ་ཚང་དུ་ཀུན་མཁྱེན་སྟོབས་འབར་བས་མཛད་པའི་དབུ་མའི་རྣམ་བཤད་དང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གཉིས་ལ་སློབ་གཉེར་གནང་སྲོལ་ཡོད། སྔགས་པ་གྲྭ་ཚང་ནི་དགེ་ལུགས་སྤྱི་དང་འདྲ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ཨང་དང་གྲྭ་གྲངས་སུམ་བརྒྱ་དང་ལྔ་བཅུ་སྐོར་ཡོད།

language:
Tibetan