- gangs rir gnas pa
- ID:
- T226285
- གངས་རིར་གནས་པ (Tibetan, Tibetan script, Original)
- > gangs rir gnas pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > gangrir nepa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ནང་པ་སངས་རྒྱས་ཆོས་ལུགས་ཀྱི་ཐེག་དམན་གྲུབ་མཐའ་སྨྲ་བའི་ནང་གསེས་བྱེ་བྲག་སྨྲ་བ་ལ་ཡང༌། རིམ་བཞིན་སྡེ་པ་བཅོ་བརྒྱད་དུ་གྱེས་ཤིང༌། དེའི་ནང་ཚན་གངས་རིར་གནས་པའི་སྡེ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི<<གཏམ་རྒྱུད་གསེར་གྱི་ཐང་མ>>ཤོག་གྲངས༢༠༧པར་གངས་རི་བ་ནི། ཁ་ཆེ་དང༌། བལ་ཡུལ་སོགས་སུ་བཞུགས་པ་རྣམས་ཡིན་ནམ་སྙམ། ཞེས་གསུངས། གངས་རིར་གནས་པའི་སྡེ་པ་འདི་རྩ་བའི་སྡེ་བཞི(༡གནས་བརྟན་པའི་སྡེ་པ། ༢ཕལ་ཆེན་སྡེ་པ། ༣་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ༤མང་པོས་བཀུར་བའི་སྡེ་པ)གང་གི་ཁོངས་སུ་གཏོགས་མིན་ལ་རྒྱ་གར་གྱི་མཁས་དབང་རྣམས་བཞེད་པ་མི་མཐུན་པ་གསུམ་བྱུང་སྟེ། ༡་བཀའ་བསྡུ་གསུམ་པའི་རྗེས་ཙམ་ལ་བྱུང་བའི་སློབ་དཔོན་དབྱིག་བཤེས་ཀྱིས་མཛད་པ<<གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ>>སྡེ་དགེ་བསྟན་འགྱུར་པོད[སུ]ཤོག་གྲངས༡༤༡ནས༡༤༧བར་བཞུགས་པ་དེའི་ཤོག་གྲངས་༡༤༢པར་འདི་ལྟར། སྡེ་པ་གནས་བརྟན་པའི་སྡེ་དང་དུས་ཅུང་ཟད་ཅིག་རྗེས་སུ་ཞུགས་ནས་ལོ་སུམ་བརྒྱ་པ་ལ་གནས་པའི་ཚེ་རྩོད་པ་འགའ་ཞིག་གི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བའི་གང་དག་རྒྱུར་སྨྲ་བའི་སྡེ་ཞེས་བྱ་བ་དང༌། སྔོན་གནས་བརྟན་པའི་སྡེ་གང་དག་གངས་རི་པའི་སྡེ་ཞེས་བྱ་བ་སྡེ་པ་གཉིས་རྣམ་པར་བཞག་གོ། ཞེས་དང༌། སློབ་དཔོན་ལེགས་ལྡན་གྱིས་མཛད་པའི<<སྡེ་པ་ཐ་དད་པ་རྣམ་པར་འབྱེད་པ>>སྡེ་དགེ་བསྟན་འགྱུར་པོད[སུ]ཤོག་གྲངས་༡༤༧ནས༡༥༤བར་བཞུགས་པ་དེའི་ཤོག་གྲངས༡༤༧པར། གནས་བརྟན་འཕགས་པའི་རིགས་ཡིན་པར་སྟོན་པ་ནི་གནས་བརྟན་པའོ། །དེ་ཉིད་ལ་གངས་རི་པ་ཞེས་ཀྱང་ཟེར་ཏེ་གངས་ཀྱི་རི་ལ་བརྟེན་ནས་གནས་པའི་ཕྱིར་རོ་ཞེས་གསུངས་པས་གངས་རི་པ་ནི་གནས་བརྟན་སྡེ་པ་ཡིན་པར་སློབ་དཔོན་རྣམ་གཉིས་བཞེད་པ་གཅིག་མཐུན་ཡིན། ༢་སློབ་དཔོན་དུལ་བའི་ལྷས་མཛད་པའི<<སྡེ་པ་ཐ་དད་པ་བསྟན་པ་བསྡུས་པ>>སྡེ་དགེ་བསྟན་འགྱུར་པོད[སུ]པའི་གྲངས༡༥༤ནས༡༥༦བར་བཞུགས་པ་དེའི་ནང༌། ཤར་དང་ནུབ་དང་གངས་རི་དང༌། །བཏགས་པར་སྨྲ་བའི་སྡེ་པ་དང༌། །འཇིག་རྟེན་འདས་པར་སྨྲ་བ་སྟེ། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །ཞེས་གངས་རིར་གནས་པའི་སྡེ་པ་དེ་ཕལ་ཆེན་སྡེ་པའི་ནང་གསེས་སུ་འཇོག་པར་མཛད་ཡོད། ༣་རྒྱ་གར་གྱི་སློབ་དཔོན་འགའ་ཞིག་གིས་གངས་རི་པ་དེ་སྡེ་པ་བཅོ་བརྒྱད་ཀྱི་ནང་གསེས་ལོགས་སུ་བགྲངས་པར་མཛད་པ་བཅས་ཡིན། བོད་ཀྱི་ལོ་རྒྱུས་ཡིག་ཆ་མཛད་མཁན་ཕལ་ཆེ་བས་སློབ་དཔོན་དུལ་བའི་ལྷའི་བཞེད་པ་ལྟར་གངས་རིར་གནས་པའི་སྡེ་པ་དེ་ཕལ་ཆེན་སྡེ་པའི་ནང་གསེས་སུ་ཞལ་གྱིས་བཞེས་པ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
ནང་པ་སངས་རྒྱས་ཆོས་ལུགས་ཀྱི་ཐེག་དམན་གྲུབ་མཐའ་སྨྲ་བའི་ནང་གསེས་བྱེ་བྲག་སྨྲ་བ་ལ་ཡང་། རིམ་བཞིན་སྡེ་པ་བཅོ་བརྒྱད་དུ་གྱེས་ཤིང་། དེའི་ནང་ཚན་གངས་རིར་གནས་པའི་སྡེ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ཤོག་གྲངས༢༠༧པར་གངས་རི་བ་ནི། ཁ་ཆེ་དང་། བལ་ཡུལ་སོགས་སུ་བཞུགས་པ་རྣམས་ཡིན་ནམ་སྙམ།
- language:
- Tibetan