Skip to main content Skip to search
gaN+Di'i rgyu shing bcu drug
ID:
T226300
  • གཎྜིའི་རྒྱུ་ཤིང་བཅུ་དྲུག (Tibetan, Tibetan script, Original)
    • > gaN+Di'i rgyu shing bcu drug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gandi(?) gyu shing chudruk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གཎྜི་བཟོ་བའི་རྒྱུ་ཆའི་ཤིང་བཅུ་དྲུག་སྟེ། ༡་ཙན་དན་དཀར་པོ། ༢་ཙན་དན་དམར་པོ། ༣བིལ་བ(འདི་རབ་གནས་སྐབས་བེད་སྤྱོད་བྱེད་པའི་བིལ་བ་ལ་ངོས་འཛིན་རྒྱུ་མིན་པར། རྒྱ་གར་དང༌། བལ་ཡུལ། རྒྱ་ནག་ལྷོ་ཕྱོགས་སོགས་སུ་སྐྱེབའི་ཤིང་འབྲས་དྲི་ཞིམ་ཞིང་རོ་མངར་བ་རྒྱ་སྐད་དུ་མང་གོ་ཟེར་བ་དེ་ཡིན་པར་གསུངས)༤པཱ་ལ་ཤ(གཡའ་དང་གངས་ཀྱི་ཁྲོད་དུ་སྐྱེས་པའི་ཤིང༌། མིག་འཁྲུལ་གྱི་རྫས་སུ་བེད་སྤྱོད་བྱེད་པའི་ཤིང་དམིགས་བསལ་ཅན་ཞིག་ཡིན་པར<<མངོན་བརྗོད་གསེར་གྱི་ཕྲེང་བ>>ལས་གསུངས)༥་ཨ་ཤྭད་ཐ(འདི་ནི་བོད་སྐད་དུ་བྱང་ཆུབ་ཤིང་ཟེར་བ་དེ་ཡིན)༦རྒྱ་སྟར(རྒྱ་གར་སྟར་ཁ་ཟེར་བའི་ཤིང་འབྲས་པཎ་ཞྭའི་དབྱིབས་སུ་ཡོད་པའི་ཤིང་ཞིག)༧ཏཱ་ལ(རྒྱ་གར་ཁུལ་དུ་སྐྱེས་པའི་ཤིང་ཞིག་སྟེ་འདིའི་ལོ་མ་ལ་ཡི་གེ་བྲི་ཆོག་པ་ཞིག་ཡིན)༨་ཀེང་ཤུ་ཀ(རྒྱ་སྐྱེགས་ཀྱི་ཤིང་སྟེ་འདི་ལ་བརྟེན་ནས་འབྱར་རྩི་ཞིག་ལ་བོད་སྐད་དུ་ལ་ཆ་ཟེར་བ་དེ་བཟོ་བྱེད་ཀྱི་རྒྱུ་ཆ་ཞིག)༩་ཤིམ་ཤ་པ(<<མངོན་བརྗོད་འཆི་མེད་མཛོད>>ལས་ཨ་ཀ་རུའི་མིང་གི་རྣམ་གྲངས་ཡིན་པར་གསུངས་ཤིང༌། <<དག་ཡིག་ལི་ཤིའི་གུར་ཁང>>ལས་ཤིམ་ཤ་པ་ཞེས་པ་རྒྱ་གར་སྐད་ཡིན་པ་དང༌། ཨ་ག་རུའི་མིང་གི་རྣམ་གྲངས་ཡིན་པ། བོད་སྐད་ཐོག་ཤིམ་ཤ་པ་ཞེས་པའི་ཀླད་ཀོར་ང་ཡི་སྒྲ་གདངས་སུ་ཀློག་པ་དེ་ཤིང་ཤ་པ་ཡིན་པར་ནོར་འཁྲུལ་བྱུང་ཞེས་གསུངས)༡༠་ཏཱ་མ་ལ་(སིནྡྷུ་ཝ་རིའི་ཤིང༌། འདིའི་མེ་ཏོག་ཉི་མ་དང་ཟླ་བའི་འོད་ཀྱིས་ཁ་འབྱེད་མི་ཐུབ་པར་བུད་མེད་མཛེས་མས་ཆང་འཐུང་བའི་ཁ་ཕྲུ་གཏོར་ན་དེ་མ་ཐག་ཏུ་ཁ་འབྱེད་པའི་ཤིང་ཞིག)༡༡་ཨ་མྲ་(ཤིང་འབྲས་ཨ་མྲ་སྐྱེས་པའི་ཤིང་སྟོང་ཡིན་ནམ)༡༢་སྟར་བུ(ཡོངས་གྲགས་ཕལ་སྐད་དུ་སྟ་རུ་ཟེར་བ་དེ་ཡིན་པར་གསུངས)༡༣་སྐྱུ་རུ་ར(སྨན་གཞུང་ལས་བཤད་པའི་སྨན་སྐྱུ་རུ་ར་ཟེར་བ་དེའི་ཤིང)༡༤རིན་ཏི་ས་ར(ཤིང་འདི་བོད་དུ་མེད་པར་བརྟེན་རྒྱ་གར་སྐད་ཀྱི་སྒྲ་སོར་བཞག་མཛད་པ་ལས་འདི་ཡིན་གྱི་ངོས་འཛིན་གསལ་བཤད་མ་རྙེད)༡༥་ཨ་ཤོ་ཀ(འདི་ཤིང་མྱ་ངན་མེད་ཅེས་པ་འདིའི་མེ་ཏོག་བུད་མེད་མཛེས་མའི་རྐང་གདུབ་ཀྱིས་རེག་མ་ཐག་ཁ་འབྱེད་པ་ཞིག་ཡིན་པར<<ཤིང་གི་བསྟན་བཅོས>>ལས་གསུངས)༡༦་འོ་མ་སེ(འདི་སྔོ་སྨན་སྡེ་ཚན་དུ་ཡོད་པའི་འོལ་མ་སེ་ཞེས་པ་ཚིག་སྡུད་སྐབས་འོལ་སེ་ཟེར་བ་དེ་མིན། ཤིང་སེང་ལྡེང་ལ་ངོས་འཛིན་དགོས་པར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི<<གཞི་གསུམ་གསལ་བྱེད>>ལས་གསུངས། )

language:
Tibetan

2. Thupten Phuntsok Dictionary

གཎྜི་བཟོ་བའི་རྒྱུ་ཆའི་ཤིང་བཅུ་དྲུག་སྟེ། ༡ ཙན་དན་དཀར་པོ། ༢ ཙན་དན་དམར་པོ། ༣ བིལ་བ་ (འདི་རབ་གནས་སྐབས་བེད་སྤྱོད་བྱེད་པའི་བིལ་བ་ལ་ངོས་འཛིན་རྒྱུ་མིན་པར། རྒྱ་གར་དང་། བལ་ཡུལ། རྒྱ་ནག་ལྷོ་ཕྱོགས་སོགས་སུ་སྐྱེ་བའི་ཤིང་འབྲས་དྲི་ཞིམ་རོ་མངར་བ་རྒྱ་སྐད་དུ་མང་གོ་གོ་ཟེར་བ་དེ་ཡིན་པར་གསུངས) ༤ པཱ་ལ་ཤ (གཡའ་དང་གངས་ཀྱི་ཁྲོད་དུ་སྐྱེས་པའི་ཤིང་། མིག་འཁྲུལ་གྱི་རྫས་སུ་བེད་སྤྱོད་བྱེད་པའི་ཤིང་དམིགས་བསལ་ཅན་ཞིག་ཡིན་པར་མངོན་བརྗོད་གསེར་གྱི་ཕྲེང་བ་ལས་གསུངས) ༥ ཨ་ཤྭད་ཐ (འདི་ནི་བོད་སྐད་དུ་བྱང་ཆུབ་ཤིང་ཟེར་བ་དེ་ཡིན། ) ༦ རྒྱ་སྟར (རྒྱ་གར་སྟར་ཁ་ཟེར་བའི་ཤིང་འབྲས་པཎ་ཞྭའི་དབྱིབས་སུ་ཡོད་པའི་ཤིང་ཞིག) ༧ ཏཱ་ལ (རྒྱ་གར་ཁུལ་དུ་སྐྱེས་པའི་ཤིང་ཞིག་སྟེ་འདིའི་ལོ་མ་ལ་ཡི་གེ་བྲི་ཆོག་པ་ཞིག་ཡིན) ༨ ཀེང་ཤུ་ཀ (རྒྱ་སྐྱེགས་ཀྱི་ཤིང་སྟེ་འདི་ལ་བརྟེན་ནས་འབྱར་རྩི་ཞིག་ལ་བོད་སྐད་དུ་ལ་ཆ་ཟེར་བ་དེ་བཟོ་བྱེད་ཀྱི་རྒྱུ་ཆ་ཞིག) ༩ ཤིམ་ཤ་པ (མངོན་བརྗོད་འཆི་མེད་མཛོད》ལས་ཨ་ཀ་རུའི་མིང་གི་རྣམ་གྲངས་ཡིན་པར་གསུངས་ཤིང་། དག་ཡིག་ལི་ཤིའི་གུར་ཁང》ལས་ཤིམ་ཤ་པ་ཞེས་པ་རྒྱ་གར་སྐད་ཡིན་པ་དང་། ཞ་ག་རུའི་མིང་གི་རྣམ་གྲངས་ཡིན་པ། བོད་སྐད་ཐོག་ཤིམ་ཤ་པ་ཞེས་པའི་ཀླད་ཀོར་ང་ཡི་སྒྲ་གདངས་སུ་ཀློག་པ་དེ་ཤིང་ཤ་པ་ཡིན་པར་ནོར་འཁྲུལ་བྱུང་ཞེས་གསུངས) ༡༠ ཏཱ་མ་ལ (སིནྡྷུ་ཝ་རིའི་ཤིང་། འདིའི་མེ་ཏོག་ཉི་མ་དང་ཟླ་བའི་འོད་ཀྱིས་ཁ་འབྱེད་མི་ཐུབ་པར་བུད་མེད་མཛེས་མས་ཆང་འཐུང་བའི་ཁ་ཕྲུ་གཏོར་ན་དེ་མ་ཐག་ཏུ་ཁ་འབྱེད་པའི་ཤིང་ཞིག) ༡༡ ཨ་མྲ (ཤིང་འབྲས་ཨ་མྲ་སྐྱེས་པའི་ཤིང་སྟོང་ཡིན་ནམ) ༡༢ སྟར་བུ (ཡོངས་གྲགས་ཕལ་སྐད་དུ་རུ་ཟེར་བ་དེ་ཡིན་པར་གསུངས) ༡༣ སྐྱུ་རུ་ར (སྨན་གཞུང་ལས་བཤད་པའི་སྨན་སྐྱུ་རུ་ར་ཟེར་བ་དེའི་ཤིང) ༡༤ རིན་ཏི་ས་ར (ཤིང་འདི་བོད་དུ་མེད་པར་བརྟེན་རྒྱ་གར་སྐད་ཀྱི་སྒྲ་སོར་བཞག་མཛད་པ་ལས་འདི་ཡིན་གྱི་ངོས་འཛིན་གསལ་བཤད་མ་རྙེད) ༡༥ ཨ་ཤོ་ཀ (འདི་ཤིང་མྱ་ངན་མེད་ཅེས་པ་འདིའི་མེ་ཏོག་བུད་མེད་མཛེས་མའི་རྐང་གདུབ་ཀྱིས་རེག་མ་ཐག་ཁ་འབྱེད་པ་ཞིག་ཡིན་པརཤིང་གི་བསྟན་བཅོས》ལས་གསུངས) ༡༦ འོ་མ་སེ (འདི་སྔོ་སྨན་སྡེ་ཚན་དུ་ཡོད་པའི་འོལ་མ་སེ་ཞེས་པ་ཚིག་སྡུད་སྐབས་འོལ་སེ་ཟེར་བ་དེ་མིན། ཤིང་སེང་ལྡེང་ལ་ངོས་འཛིན་དགོས་པར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའིགཞི་གསུམ་གསལ་བྱེད》ལས་གསུངས)

language:
Tibetan