- gad sgo zhang tshan gnyis
- ID:
- T226313
- གད་སྒོ་ཞང་ཚན་གཉིས (Tibetan, Tibetan script, Original)
- > gad sgo zhang tshan gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
- > gé go shyang tsen nyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྟོད་ལུང་ཁུལ་དུ་ཡོད་པའི་དཔོན་རིགས་གད་ཁས་པ་ཞེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་སྡེ་སྲིད་བསོད་ནམས་ཆོས་འཕེལ་དང་སྤུན་མཆེད་དུ་གྱུར་ཅིང༌། རྗེས་སུ་འབྲུག་པ་དང་བོད་ས་གནས་སྲིད་གཞུང་གཉིས་བར་དམག་འཁྲུག་བྱུང་དུས་སུ་འབྲུག་པའི་དམག་གི་གདོང་ལེན་དམག་དཔུང་གི་དམག་དཔོན་དུ་བཏང་ཡང༌། ལྐོག་ཏུ་འབྲུག་པ་དང་ངན་འབྲེལ་བྱས་ཏེ་བོད་ས་གནས་སྲིད་གཞུང་གི་དམག་ལ་ཕམ་ཉེས་བྱུང་བའི་ལོ་རྒྱུས་ཡོད་པ་དེ་དང༌། འཕན་པོ་ཁུལ་དུ་ཡོད་པའི་དཔོན་རིགས་སྒོ་སྣ་ཤག་པ་ཞེས་གད་ཁས་པའི་ཚ་བོར་འགྲོ་བ་དེ་གཉིས་ལ་ཟེར་བ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
སྟོད་ལུང་ཁུལ་དུ་ཡོད་པའི་དཔོན་རིགས་གད་ཁས་པ་ཞེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་སྡེ་སྲིད་བསོད་ནམས་ཆོས་འཕེལ་དང་སྤུན་མཆེད་དུ་གྱུར་ཅིང་། རྗེས་སུ་འབྲུག་པ་དང་བོད་ས་གནས་སྲིད་གཞུང་གཉིས་བར་དམག་འཁྲུག་བྱུང་དུས་སུ་འབྲུག་པའི་དམག་གི་གདོང་ལེན་དམག་དཔུང་གི་དམག་དཔོན་དུ་བཏང་ཡང་། ལྐོག་ཏུ་འབྲུག་པ་དང་ངན་འབྲེལ་བྱས་ཏེ་བོད་ས་གནས་སྲིད་གཞུང་གི་དམག་ལ་ཕམ་ཉེས་བྱུང་བའི་ལོ་རྒྱུས་ཡོད་པ་དེ་དང་། འཕན་པོ་ཁུལ་དུ་ཡོད་པའི་དཔོན་རིགས་སྒོ་སྣ་ཤག་པ་ཞེས་གད་ཁས་པའི་ཚ་བོར་འགྲོ་བ་དེ་གཉིས་ལ་ཟེར་བ་ཡིན།
- language:
- Tibetan