Skip to main content Skip to search
gab tse rus gong thur mas 'tsho ba
ID:
T226340
  • གབ་ཙེ་རུས་གོང་ཐུར་མས་འཚོ་བ (Tibetan, Tibetan script, Original)
    • > gab tse rus gong thur mas 'tsho ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gab tsé rü gong turmé tsowa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ནང་པ་སངས་རྒྱས་ཆོས་ལུགས་ཀྱི་གཞུང<<མངོན་པ་མཛོད>>ནས། འཛམ་བུ་གླིང་གི་མིའི་སྤྱི་ཚོགས་དཔལ་འབྱོར་དང་ཚེ་ཚད་རྣམས་རིམ་གྱིས་ཉམས་ནས་མིའི་ཆ་སྙོམས་ཀྱི་ཚེ་ཚད་རིང་ཤོས་ལོ་བཅུ་ལ་བྱེད་དགོས་པའི་དུས་སྐབས་ཤར་བའི་ཚེ་འཇིག་རྟེན་ཁམས་ཀྱི་ས་བཅུད་ཉམས་ནས་ཞིང་ལ་ལོ་ཏོག་ལེགས་པོ་མི་སྐྱེ་བས་འབྲུ་རིགས་དཀོན་པོ་ཆགས་ནས་མུ་གེ་བྱུང་སྟེ། འབྲུ་རིགས་གབ་ཙེའི་ནང་དུ་སྦས་ནས་ཕྲན་བུ་རེ་ལས་ཟ་མི་ནུས་པ་ལ་གབ་ཙེ་པ་ཞེས་དང༌། རུས་པ་ལ་སྣུམ་དང་བྲལ་ནས་བཅུད་མེད་པའི་རུས་གོང་དཀར་པོ་དང༌། འབྲུ་རིགས་ཐུར་མ་གང་རེ་ཙམ་གྱིས་འཚོ་རྟེན་བྱ་དགོས་པའི་ཐུར་མས་འཚོ་བ་ཞེས་མུ་གེའི་བསྐལ་པ་འབྱུང་བར་བཤད་པ་དེ་ཡིན།

language:
Tibetan

2. Thupten Phuntsok Dictionary

ནང་པ་སངས་རྒྱས་ཆོས་ལུགས་ཀྱི་གཞུངམངོན་པ་མཛོད》ནས། འཛམ་བུ་གླིང་གི་མིའི་སྤྱི་ཚོགས་དཔལ་འབྱོར་དང་ཚེ་ཚད་རྣམས་རིམ་གྱིས་ཉམས་ནས་མིའི་ཆ་སྙོམས་ཀྱི་ཚེ་ཚད་རིང་ཤོས་ལོ་བཅུ་ལ་བྱེད་དགོས་པའི་དུས་སྐབས་ཤར་བའི་ཚེ་འཇིག་རྟེན་ཁམས་ཀྱི་ས་བཅུད་ཉམས་ནས་ཞིང་ལ་ལོ་ཏོག་ལེགས་པོ་མི་སྐྱེ་བས་འབྲུ་རིགས་དཀོན་པོ་ཆགས་ནས་མུ་གེ་བྱུང་སྟེ། འབྲུ་རིགས་གབ་ཙེའི་ནང་དུ་སྦས་ནས་ཕྲན་བུ་རེ་ལས་ཟ་མི་ནུས་པ་ལ་གབ་ཙེ་པ་ཞེས་དང་། རུས་པ་ལ་སྣུམ་དང་བྲལ་ནས་བཅུད་མེད་པའི་རུས་གོང་དཀར་པོ་དང་། འབྲུ་རིགས་ཐུར་མ་གང་རེ་ཙམ་གྱིས་འཚོ་རྟེན་བྱ་དགོས་པའི་ཐུར་མས་འཚོ་བ་ཞེས་མུ་གེའི་བསྐལ་པ་འབྱུང་བར་བཤད་པ་དེ་ཡིན།

language:
Tibetan