- ga'i tsu rgyal po
- ID:
- T226353
- གའི་ཙུ་རྒྱལ་པོ (Tibetan, Tibetan script, Original)
- > ga'i tsu rgyal po (Tibetan, Latin script, Transliteration-THL Extended Wylie Transliteration)
- > gé tsu gyalpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(格祖王)མི་ཉག་རྒྱལ་པོའམ་ཤིས་ཞཱ་རྒྱལ་པོའི་མི་རབས་དང་པོ་ཅིང་ཙུང་ནང་ཤའོ་འམ་ཡོངས་གྲགས་སུ་ལི་ཡོན་ཧའོ་ཡང་ཟེར་ཞིང༌། འདིའི་མེས་པོ་ལི་ཀོང་ཟེར་བ་ཞིག་གིས་ཏང་ཞང་རིགས་རྒྱུད་ཚོ་པ་ཁག་གཅིག་གྱུར་བྱས་ཤིང༌། རྗེས་སུ་ཐང་རྒྱལ་རབས་ཀྱི་བློན་པོའི་གྲས་སུ་ཞུགས་ཏེ་ཞབས་འདེགས་ལེགས་པོ་བྱུང་བས་ནུབ་ཕྱོགས་ས་ཁུལ་སྐྱོང་བའི་དཔོན་པོར་བསྐོས་ཐོག ཐང་གོང་མའི་རུས་རྒྱུད་ཁོངས་སུ་བཞག་ནས་རུས་མིང་ལི་ཞེས་པར་བསྒྱུར། དེས་དབང་བསྒྱུར་བྱས་པའི་ས་ཁུལ་ལ་ལི་ཡུལ་ཞེས་ཀྱང་འབོད(འདི་ཡོངས་གྲགས་ཀྱི་ལི་ཡུལ་དེ་མིན། དེ་ནི་དེང་སང་གི་ཤིང་ཅང་ལ་གོ་དགོས)ཐང་རྒྱལ་རབས་ཉམས་རྗེས་ལི་སི་ཀོང་གི་ཡང་ཚ་ལི་ཅིས་ཅན་དང༌། ལི་ཏེ་མིང་གཉིས་ཀྱིས་སྔ་རྗེས་སུ་སུང་རྒྱལ་རབས་དང་ལེའོ་རྒྱལ་རབས་ཀྱི་བློན་ཆེན་བྱས། ཏང་ཞང་མི་རིགས་ཀྱི་དཔལ་འབྱོར་དང༌། རིག་གནས་གང་ཅིར་ཡར་རྒྱས་ཆེན་པོ་བྱུང༌། སུང་རེན་ཙུང་རྒྱལ་པོའི་ཅིང་ཡོའུ་ཁྲི་ལོ་ལྔ་པ་ས་སྟག་(༡༠༣༨)ལོར་བློན་པོ་ལི་ཏེ་མིང་གི་ཚ་བོ་བློན་པོ་ལི་ཡོན་ཧའོ་ཞེས་པས་ངོ་ལོག་བྱས་ཏེ་རང་ཉིད་རྒྱལ་པོ་བྱས་པའི་རྒྱལ་རབས་ཀྱི་མིང་ལ་ཏཱ་ཞཱ་སྟེ་ཆེན་པོ་ཞཱ་རྒྱལ་རབས་ཟེར་ཞིང༌། བོད་ཀྱི་ལོ་རྒྱུས་ཐོག་མི་ཉག་རྒྱལ་རབས་ཟེར། རྒྱལ་ས་ནི་ཤིན་ཆིང(兴庆)དེང་སང་ཉིང་ཞཱ་ཧུའེ་རིགས་རང་སྐྱོང་ལྗོངས་གནས་ཡུལ་དབྱིན་ཁྲོན་ཡིན། རྒྱལ་རབས་དེར་རྒྱལ་པོ་མི་རབས་བཅུ་གཉིས་བྱུང(བོད་ཡིག་ལོ་རྒྱུས་ཐོག་རྒྱལ་རབས་དགུ་ལས་མི་གསལ)བ་སྟེ། ༡ཐའི་ཛུའུ། ལི་ཅིས་ཡུའུ། ༢་ཐའི་ཙུང༌། ལི་ཏེ་མིང༌། ༣་ཅིང་ཙུང༌། ལི་ཡོན་ཧའོ། ༤དབྱི་ཙུང༌། ལི་སླེང་ཙོའུ། ༥་ཧུའི་ཙུང༌། ལི་པིང་ཁྲང༌། ༦ཁྲུང་ཙུང༌། ལི་ཆེན་ཧྲུན། ༧་རེན་ཙུང༌། ལི་རིན་ཤའོ། ༨་ཐན་ཙུང༌། ལི་ཁྲུན་ཡོའུ། ༩་ཤིའང་ཙུང༌། ལི་ཨན་ཆོན། ༡༠་ཧྲེན་ཙུང༌། ལི་ཙུན་ཤུས། ༡༡ཤན་ཙུང༌། ལི་ཏེ་དབང༌། ༡༢་མོ་ཀྲུ། ལི་ཤིའན་བཅས་ཡིན་ཅིང༌། དེ་རྣམས་ཀྱིས་རབ་བྱུང་དང་པོའི་ས་སྟག(༡༠༣༨)ལོ་ནས་རབ་བྱུང་བཞི་པའི་མེ་ཕག(༡༢༢༧)ལོ་བར་ལོ་བརྒྱ་དང་དགུ་བཅུ་ཐམ་པའི་རིང་སྲིད་དབང་བཟུང་བའི་མཐར་སོག་པོའི་རྒྱལ་པོ་ཇིང་གེར་ཧན་གྱིས་གཏོར་ནས་རྒྱལ་རབས་མཇུག་སྒྲིལ་བ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
མི་ཉག་རྒྱལ་པོའམ་ཤིས་ཞཱ་རྒྱལ་པའི་མི་རབས་དང་པོ་ཅིང་ཙུང་ནང་ཤའོ་འམ་ཡོངས་གྲགས་སུ་ལི་ཡོན་ཧའོ་ཡང་ཟེར་ཞིང་། འདིའི་མེས་པོ་ལི་ཀོང་ཟེར་བ་ཞིག་གིས་ཏང་ཞང་རིགས་རྒྱུད་ཚོ་པ་ཁག་གཅིག་གྱུར་བྱས།
- language:
- Tibetan