- g.yu'-i yi ge
- ID:
- T226359
- གཡུའྀ་ཡི་གེ (Tibetan, Tibetan script, Original)
- > g.yu'-i yi ge (Tibetan, Latin script, Transliteration-THL Extended Wylie Transliteration)
- > yu-i yigé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གཡུས་བཟོས་པའི་བྱང་བུའི་ཐོག་གོ་གནས་སོགས་བཀོད་པའི་ཡི་གེ་གཡུའི་ཡིག་ཚང(ཡིག་གཙང)ཡིག་ཚངས་ནི་རབ་གསེར་གཡུ་གཉིས། འབྲིང་དངུལ་དང་ཕྲ་མེན། ཐ་མ་ཟངས་ཡིག་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་ཕྱེ་བས་བཅུ་གཉིས་སོ། །དེ་དང་དགུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་པོ་གནང་། དགུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ། བཀའ་བློན་ཐ་ཆུང་དང་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ། བཀའ་བློན་ཐ་ཆུང་ལ་ཕྲ་མེན་གྱི་ཡི་གེ་གནང། གཞན་ཡང་ཆོས་གྲྭའི་སློབ་དཔོན་དང། སྐུའི་སྔགས་མཁན། སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ་བྱིན། སྐུ་འཚོ་བའི་བོན་པོ། གཟིམ་མལ་བརྩིགས་ཁབ། བྱང་ཐང་གྱི་ས་མཁན། མཐའི་སོ་ཁ་སྲུང་བ་དང་སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ། ཡབ་འབངས་རུས་དྲུག་སོགས་ལ་མཁར་བའི་ཡི་གེ། སྟོང་དཔོན་རུ་དཔོན་སོགས་ལ་ཟངས་ཡིག། གཡུལ་དུ་དཔའ་བ་ལ་ལྕགས་ཡིག། ཡང་ཐ་ཤིང་སྐྱ་ཆུ་རུས་ཀྱི་ཡི་གེ་ནི་འབངས་ཕལ་པ་རྣམས་ལ་གནང་ཚུལ་བཅས《མཁས་པའི་དགའ་སྟོན》ནང་གསལ།
- language:
- Tibetan
2. Thupten Phuntsok Dictionary
གཡུས་བཟོས་པའི་བྱང་བུའི་ཐོག་གོ་གནས་སོགས་བཀོད་པའི་ཡི་གེ་གཡུའི་ཡིག་ཚང (ཡིག་གཙང) ཡིག་ཚངས་ནི་རབ་གསེར་གཡུ་གཉིས། འབྲིང་དངུལ་དང་ཕྲ་མེན། ཐ་མ་ཟངས་ཡིག་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་ཕྱེ་བས་བཅུ་གཉིས་སོ། དེ་དང་དགུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་པོ་གནང་། དགུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ་། བཀའ་བློན་ཐ་ཆུང་དང་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་ལ་ཕྲ་མེན་གྱི་ཡི་གེ་གནང་། གཞན་ཡང་ཆོས་གྲྭའི་སློབ་དཔོན་དང་། སྐུའི་སྔགས་མཁན། སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ་བྱིན། སྐུ་མཚོ་བའི་བོན་པོ། གཟིམ་མལ་བརྩིགས་ཁབ། བྱང་ཐང་གི་ས་མཁན། མཐའི་སོ་ཁ་སྲུང་བ་དང་སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ། ཡབ་འབངས་ལ་རུས་དྲུག་སོགས་ལ་མཁར་པའི་ཡིག སྟོང་དཔོན་སོགས་ལ་ཟངས་ཡིག གཡུལ་དུ་དཔའ་བ་ལ་ལྕགས་ཡིག ཡང་ཐང་ཤིང་སྐྱ་ཆུ་རུས་ཀྱི་ཡི་གེ་ནི་འབངས་ཕལ་པ་རྣམས་ལ་གནང་ཚུལ་བཅསམཁས་པའི་དགའ་སྟོན》ནང་གསལ།
- language:
- Tibetan