- gar stegs mdzes rtsal
- ID:
- T226366
- གར་སྟེགས་མཛེས་རྩལ (Tibetan, Tibetan script, Original)
- > gar stegs mdzes rtsal (Tibetan, Latin script, Transliteration-THL Extended Wylie Transliteration)
- > gar tek dzé tsal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གར་དང་ཟློས་གར་སོགས་འཁྲབ་སྟོན་བྱེད་སའི་གར་སྟེགས་ཐོག་གི་རྒྱབ་ལྗོངས་དང་། འཁྲབ་ཆས། གྱོན་གོས། མཛེས་བཟོ། སྒྲོན་འོད་སོགས་སྒྱུ་རྩལ་གྱི་རྣམ་པ་ལྡན་པའི་དབྱིབས་སྐྲུན་མཛེས་རྩལ་ཞིག་ཡིན། དེ་ནི་འཁྲབ་སྟོན་པས་འཁྲབ་སྟོན་བྱེད་པའི་བྱ་བར་ཞབས་འདེགས་ཞུ་ཆེད་ཡིན་པ་མ་ཟད། ཟློས་གར་འཁྲབ་སྟོན་དང་ཕན་ཚུན་འབྲེལ་བ་དམ་ཟབ་ཀྱི་སྒོ་ནས་རྒྱབ་ལྗོངས་བཀོད་སྒྲིག་དང་སྒྲོན་འོད་ཀྱིས་གཞོགས་འདེགས་བཅས་ལ་བརྟེན་ནས་འཁྲབ་སྟོན་གྱི་འཕེལ་རིམ་ཧྲིལ་པོར་རོགས་རམ་བྱེད་ཀྱི་ཡོད། གར་སྟེགས་ནི་སྒྱུ་རྩལ་གསར་རྩོམ་དང་སྒྱུ་རྩལ་འཁྲབ་སྟོན་བྱེད་སའི་ལྡུམ་ར་ཞིག་ཡིན་པས་གར་སྟེགས་མཛེས་རྩལ་གྱིས་འཁྲབ་གཞུང་གི་བསམ་བློའི་ནང་དོན་གྱི་རེ་བ་གཞིར་བཟུང་སྟེ། འཁྲབ་ཚན་ནང་གི་མི་སྣ་དང་གནས་ཚུལ་སྣ་ཚོགས་དཔེ་མཚོན་དུ་བཟུང་ནས་རབ་བཏགས་དང་སྙིང་བསྡུས་ཀྱིས་བཟོ་དབྱིབས་སྐྲུན་པའི་བྱེད་ཐབས་སྤྱད་ནས་གར་སྟེགས་ཐོག་ཏུ་ཁྱོན་ཡོངས་ཀྱི་འཁྲབ་སྟོན་ལས་ཀར་ཆ་རྐྱེན་གསར་སྐྲུན་བྱེད་ཀྱི་ཡོད་པའོ། །
- language:
- Tibetan