Skip to main content Skip to search
gar mi yon tan g.yung drung
ID:
T226372
  • གར་མི་ཡོན་ཏན་གཡུང་དྲུང (Tibetan, Tibetan script, Original)
    • > gar mi yon tan g.yung drung (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gar mi yönten yungdrung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མ་དང༌། འོལ་ཁ་རྫིང་ཕྱིའི་རྒྱལ་བ་བྱམས་པ་ལྷ་ཁང་དང་བཅས་པ་བཞེངས་པར་མཛད་མཁན་དེ་ཡིན། ཇོ་བོ་རྗེ་ཨ་ཏི་ཤ་མངའ་རིས་སུ་ཕེབས་སྐབས་ཇོ་བོ་དབུས་ཕྱོགས་སུ་སྤྱན་འདྲེན་ལ་བྱོན། ཇོ་བོ་རྗེ་བསམ་ཡས་སུ་བཞུགས་སྐབས་གསོལ་ཞོ་དང་ཆབ་ཞོ་མ་ཆད་པར་ཕུལ། བརྒྱད་སྟོང་པའི་བཤད་པ་ཆ་ཚང་གསན། མངོན་པ་གོང་འོག་གཉིས་ལ་ཧ་ཅང་མཁས། སློབ་མ་ཡང་ཁུ་སྟོན་ཆེན་པོ་སོགས་མང་དུ་བྱོན་ཞེས<<བཀའ་གདམས་ཆོས་འབྱུང་མཁས་པའི་ཡིད་འཕྲོག>>ལས་གསུངས།

language:
Tibetan

2. Thupten Phuntsok Dictionary

ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མ་དང་། འོལ་ཁ་རྫིང་ཕྱིའི་རྒྱལ་བ་བྱམས་པ་ལྷ་ཁང་དང་བཅས་པ་བཞེངས་པར་མཛད་མཁན་དེ་ཡིན། ཇོ་བོ་རྗེ་ཨ་ཏི་ཤ་མངའ་རིས་སུ་ཕེབས་སྐབས་ཇོ་བོ་དབུས་ཕྱོགས་སུ་སྤྱན་འདྲེན་ལ་བྱོན། ཇོ་བོ་རྗེ་བསམ་ཡས་སུ་བཞུགས་སྐབས་གསོལ་ཞོ་དང་ཆབ་ཞོ་མ་ཆད་པར་ཕུལ། བརྒྱད་སྟོང་པའི་བཤད་པ་ཆ་ཚང་གསན། སློབ་མ་ཡང་ཁུ་སྟོན་ཆེན་པོ་སོགས་མང་དུ་བྱོན་ཞེས་གདམས་ངག་ཆོས་འབྱུང་མཁས་པའི་ཡིད་འཕྲོག་ལས་གསུངས།

language:
Tibetan