- gar tshon
- ID:
- T226373
- གར་ཚོན (Tibetan, Tibetan script, Original)
- > gar tshon (Tibetan, Latin script, Transliteration-THL Extended Wylie Transliteration)
- > gar tsön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཞིབ་བྲིས་རི་མོའི་ཐོག་ནས་བྱ་དང་མེ་ཏོག་འབྲི་བར་སྤྱོད་པའི་ཐབས་ཤེས་ཀྱི་རིགས་ཤིག་ཡིན། གར་ཚོན་ནི་མཉམ་གཤིབ་བཅད་དང་བཅད་བརྒྱབ་པའི་རྗེས་སུ་དེ་སྟེང་ཚོན་གཏོང་བ་སྟེ། གཏེར་རྡོའི་ཚོན་གཙོ་བོ་བྱས་ཏེ་ཚོན་རྣམས་ཐེངས་གསུམ་མམ་བཞི་སྣོན་བརྩེགས་ཀྱིས་གར་ལ་ཁོད་སྙོམས་པ་གཏོང་དགོས། ཚོན་མདོག་གི་ཚོར་སྣང་ནི་བཀྲག་མདངས་ཆེ་ལ་རྒྱན་རིས་ཀྱི་རྣམ་པ་ལྡན་ཡོད་པས་དེར་གར་ཚོན་གཏོང་ཐབས་ཞེས་ཟེར།
- language:
- Tibetan