- ging chen po tshangs pa
- ID:
- T226392
- གིང་ཆེན་པོ་ཚངས་པ (Tibetan, Tibetan script, Original)
- > ging chen po tshangs pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > ging chenpo tsangpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཡོངས་གྲགས་སུ་ལ་མོ་ཚངས་པ་ཞེས་འབོད་པ་སྟེ་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་བསྟེན་གསོལ་བྱེད་པའི་སྲུང་མའི་གཙོ་བོ་ལྔ(༡ལྷ་མོ་དམག་ཟོར་མ། ༢གནས་ཆུང་རྡོ་རྗེ་གྲགས་ལྡན། ༣དགའ་གདོང་གནོད་སྦྱིན་ཤིང་བྱ་ཅན། ༤ལ་མོ་ཚངས་པ། ༥་བསམ་ཡས་གནོད་སྦྱིན་ཅིའུ་དམར་པོ)ཡོད་པའི་ནང་གསེས་ཤིག་ཡིན་ཅིང༌། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱིས་ཀྱང་བསྟེན་གསོལ་གནང་བའི་སྲུང་མའི་གཙོ་བོའི་གྲས་སུ་ཡང་ཡོད། འདིའི་མངོན་རྟོགས་དང་གསོལ་མཆོད་ནི་ཁ་བྱང་དུ<<ལྷ་མཆོག་སྲིད་གསུམ་གྱི་བདག་པོ་ཚངས་པ་ཆེན་པོའི་གསོལ་མཆོད་ཀྱི་རིམ་པ་དོན་ཡོད་འཕྲུལ་གྱི་ཞགས་པ>>ཞེས་འཁོད་པ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པ་ཞིག<<རྩེ་རྣམ་རྒྱལ་གྲྭ་ཚང་གི་ཞལ་འདོན་ཕྱོགས་བསྒྲིགས>>པོད་གཉིས་པའི[ཛ]རྟགས་ཅན་གྲངས༢༣ནས༣༠བར་ཡོད། ཚངས་པ་དྲག་པོ་ནི་ཡོངས་གྲགས་བསེ་ཁྲབ་པར་འབོད་པ་དེ་ཡིན་པ་དང༌། ཚངས་པ་ཞི་བ་ནི་རྟ་མཆོག་ངང་པ་ལ་ཞོན་ཞིང༌། གཡས་སུ་ཤེལ་གྲི་དང་གཡོན་དུ་ནོར་གཞོང་དང་ཞགས་པ་འཛིན་པ་ཞིག་ཡོད། ཞི་དྲག་གཉིས་སྐུའི་རྣམ་འགྱུར་མི་འདྲ་བ་ལས་ངོ་བོ་གཅིག་ཡིན། ལོ་རྒྱུས་ཐོག་ཤོད་སྲོལ་ལ་ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ(རབ་བྱུང་དང་པོའི་ས་ཕག༡༠༥༩ལོ་ནས་རབ་བྱུང་གཉིས་པའི་ས་གླང༡༡༠༩ལོ་བར)རབ་བྱུང་གཉིས་པའི་ཆུ་སྤྲེལ(༡༠༩༢)ལོར་རྒྱ་གར་ནས་བོད་དུ་ཕྱིར་ཕེབས་མཛད་སྐབས་ཆོས་སྐྱོང་འདི་ལོ་ཆེན་གྱི་རྗེས་སུ་འབྲངས་ནས་གསང་ཕུ་དགོན་པར་གནས་ཆགས་པ་དང༌། དེ་ནས་བཟུང་གསང་ཕུ་དགོན་པ་དང༌། རྭ་བ་སྟོད་དགོན་པ་གཉིས་ཀྱི་དགེ་འདུན་འདུས་ཚོགས་ནམ་ཡིན་ལ་ལོ་ཆེན་བློ་ལྡན་ཤེས་རབ་ཀྱི་བསྟོད་པ(ཡོངས་གྲགས་སུ<<བློ་བསྟོད>>ཟེར)ཆག་མེད་དུ་གསུང་སྲོལ་ཡོད་པ་མ་ཟད། ཆོས་སྐྱོང་འདི་ཉིད་སྐུ་རྟེན་པར་ཁོག་ཞུགས་བྱེད་པའི་སྐབས་སུ་ཡང<<བློ་བསྟོད>>ངེས་པར་དུ་འདོན་སྲོལ་ཡོད། ཆོས་སྐྱོང༌འདིའི་མངོན་རྟོགས་དང་གསོལ་མཆོད་སྐོར། ཁ་བྱང་དུ<<གནོད་སྦྱིན་ཆེན་པོ་བསེ་ཁྲབ་ཅན་ལ་མཆོད་གཏོར་འབུལ་ཚུལ>>ཞེས་པ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེས༌མཛད་པ་ཞིག<<རྩེ་རྣམ་རྒྱལ་གྲྭ་ཚང་གི་ཞལ་འདོན་ཕྱོགས་བསྒྲིགས>>པོད་གཉིས་པའི[ཛ]པ་ཤོག་གྲངས༢༡ནས༢༣བར་ཡོད།
- language:
- Tibetan
2. Thupten Phuntsok Dictionary
ཡོངས་གྲགས་སུ་ལ་མོ་ཚངས་པ་ཞེས་འབོད་པ་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་བསྟེན་གསོལ་བྱེད་པའི་སྲུང་མའི་གཙོ་བོ་ལྔ (༡ ལྷ་མོ་དམག་ཟོར་མ་། ༢ གནས་ཆུང་རྡོ་རྗེ་གྲགས་ལྡན། ༣ དགའ་གདོང་གནོད་སྦྱིན་ཤིང་བྱ་ཅན། ༤ ལོ་མོ་ཚངས་པ། ༥ བསམ་ཡས་གནོད་སྦྱིན་ཙིའུ་དམར་པོ) ཡོད་པའི་ནང་གསེས་ཤིག་ཡིན།
- language:
- Tibetan