Skip to main content Skip to search
gu gu sa 'dzin
ID:
T226397
  • གུ་གུ་ས་འཛིན (Tibetan, Tibetan script, Original)
    • > gu gu sa 'dzin (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gu gu sa dzin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འདི་རང་ལྗོངས་ཀྱི་མཚོ་ངོས་ལས་མཐོ་ཚད་སྨི་3800མན་གྱི་ཞིང་ཁུལ་ཕལ་མོ་ཆེར་ཡོད་ཅིང་ལོ་གཅིག་སྐྱེ་བའི་སྔོ་རིགས་ཏེ། མང་ཆེ་བ་ཞིང་མུ་དང་། ལམ་འགྲམ། གྲམ་ཁྲོད། ལྡུམ་གསེབ་བཅས་སུ་འཁྲུངས་པ། ལྡུམ་བུ་གཞན་ལ་འཁྱུད་ནས་ཕན་ཚུན་སྦྲེལ་ཞིང་བ་ཐག་དཔྱང་བ་དང་། སྒྲིམ་པའམ་མདུད་པ་སོགས་ཕྱེད་པ། ལོ་མ་ཟུར་གསུམ་ཤིན་ཏུ་ཆུང་ཞིང་མངོན་དགའ་བ། ཟླ་བ་7~8པར་ངར་པའི་ཚིགས་མཚམས་ནས་མེ་ཏོག་དཀར་ཞིང་ཞིབ་ལ་འདབ་ལྔ་ཁ་ཟུམ་པ་མང་པོ་ཚོམ་བུར་འཆར་བས་ཕྲེང་བ་ལྟར་མཛེས་པ། ཟླ་བ་8~9པར་འབྲས་བུ་ཟླུམ་ལེབ་ཞིབ་མོ་འདོགས་པ། སྨན་དུ་སྦྱར་བྱ་ནི་ལོ་སྡོང་མེ་འབྲས་ཡོངས་རྫོགས་ཏེ་ཟླ་བ་7~9པར་བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། རོ་ཁ་ཚ། ཞུ་རྗེས་སྙོམས། ནུས་པས་མཆིན་ནད་དང་དུག་ཚད་སེལ། མཁལ་མའི་དྲོད་གསོ། ཁྱད་པར་གཞང་ལུག་པའི་ནད་ལ་མཆོག

language:
Tibetan