Skip to main content Skip to search
gu ge chos 'byung gi bstan rtsis la dpyad pa
ID:
T226401
  • གུ་གེ་ཆོས་འབྱུང་གི་བསྟན་རྩིས་ལ་དཔྱད་པ (Tibetan, Tibetan script, Original)
    • > gu ge chos 'byung gi bstan rtsis la dpyad pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gu gé chöjung gi ten tsi la chepa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདིའི་ནང་གསལ་བའི་སངས་རྒྱས་འདས་ལོའི་བསྟན་རྩིས་ནང༌། ལྷ་བླ་མ་ཞི་བ་འོད་སྐུ་གཤེགས་པའི་ལོ་ལྕགས་ཡོས་ཡིན་པ་དང༌། བསྟན་པའི་རྒྱལ་མཚན་བསྣམས་ནས(བསྟན་པའི་ཁུར་བཞེས)ལོ་བཞི་བཅུ་ཞེ་བཞིར་བསྟན་པ་བསྐྱངས་ཞེས་དང༌། མེ་སྤྲེལ་ལོ་ལ་རབ་ཏུ་གཤེགས་ནས་ཞི་བ་འོད་དུ་མཚན་གསོལ་ཞེས་པ་ཙམ་ལས་དགུང་ལོ་ཇི་ཙམ་བཞུགས་པ་དང༌། འཁྲུངས་ལོ་གང་ཡིན་མི་གསལ་ཞིང༌། རབ་བྱུང་མཛད་ནས་ལོ་བཞི་ཅུ་རྩ་གཅིག་བཞུགས་ཞེས་པ་ལྟར་ན། བསྟན་པའི་བྱ་བ་མཛད་ནས་ལོ་གསུམ་སོང་རྗེས་རབ་བྱུང་བཞེས་པ་ཞིག་ཡིན་པར་གསལ་བས་དེ་དུས་དགུང་ལོ་ཉི་ཤུ་ལྷག་ཙམ་ཕེབས་ཟིན་པར་མངོན། སྐུ་གཤེགས་པའི་ལོའི་ལྕགས་ཡོས་དེ་ཨ་ཏི་ཤ་སྐུ་མ་གཤེགས་གོང་གི་ལྕགས་ཡོས་ཡིན་ན་རབ་བྱུང་དང་པོའི་ལྕགས་ཡོས(༡༠༥༡)ལོ་ཡིན་པ་དང༌། ཇོ་བོ་རྗེ་ཨ་ཏི་ཤ་སྐུ་གཤེགས་རྗེས་ཀྱི་ལྕགས་ཡོས་ཡིན་ན་རབ་བྱུང་གཉིས་པའི་ལྕགས་ཡོས(༡༡༡༡)ལོ་ཡིན་པས་ལྷ་བླ་མ་ཞི་བ་འོད་དེ་ཇོ་བོ་རྗེ་ཨ་ཏི་ཤ་སྐུ་གཤེགས་ནས་ཀྱང་ལོ་ལྔ་བཅུ་ང་བརྒྱད་བར་བཞུགས་དགོས་ཤིང༌། དེ་ལྟར་ན་ཆོས་འབྱུང་རང་གི་ནང༌། ལྷ་བླ་མ་ཞི་བ་འོད་ཀྱིས་ལོ་ཙཱ་བ་མཛད་ནས་ཇོ་བོ་རྗེ་ཨ་ཏི་ཤ་དང་ལྷན་དུ་<<དཔལ་མཆོག་རྩ་འགྲེལ>>དང<<ཚད་མ་རྒྱན་གྱི་འགྲེལ་པ>>སོགས་མང་པོ་བོད་སྐད་དུ་བསྒྱུར་བར་གསུངས་པ་དང་གཤམ་དུ་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང༌། བྲང་ཏི་དར་མ་སྙིང་པོ། ཨར་བྱང་ཆུབ་ཡེ་ཤེས(འབྲེ་ཤེས་རབ་འབར་གྱི་སློབ་མ)བཅས་གདན་དྲངས་ནས་ཆོས་འཁོར་བསྐོར་བར་གསུངས་པ་བཅས་བསྡུར་ན། ལྷ་བླ་མ་ཞི་བ་འོད་གཤེགས་པའི་ལྕགས་ཡོས་དེ་རབ་བྱུང་གཉིས་པའི་ལྕགས་ཡོས(༡༡༡༡)ལོ་དེ་རང་ཡིན་པ་དང༌། ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས་སྐབས་པཎྜི་ཏའི་ལོ་ཙཱ་བ་མཛད་ནས་ཆོས་བསྒྱུར་ཐུབ་པའི་མཁྱེན་རྒྱ་ཅན་དུ་གྱུར་ཟིན་པས་དེ་དུས་དགུང་ལོ་ཉི་ཤུ་ལྷག་ཙམ་དུ་ཕེབས་ཟིན་པ་བསྡོམས་ན་དགུང་ལོ་བདུན་ཅུ་ལྷག་དུ་བཞུགས་པ་ཡིན་སྙམ།

language:
Tibetan

2. Thupten Phuntsok Dictionary

འདིའི་ནང་གསལ་བའི་སངས་རྒྱས་འདས་ལོའི་བསྟན་རྩིས་ནང་། ལྷ་བླ་མ་ཞི་བ་འོད་སྐུ་གཤེགས་པའི་ལོ་ལྕགས་ཡོས་ཡིན་པ་དང་། བསྟན་པའི་རྒྱལ་མཚན་བསྣམས་ནས (བསྟན་པའི་ཁུར་བཞེས) ལོ་བཞི་བཅུ་ཞེ་བཞིར་བསྟན་པ་བསྐྱངས་ཞེས་དང་། མེ་སྤྲེལ་ལོ་ལ་རབ་ཏུ་གཤེགས་ནས་ཞི་བ་འོད་དུ་མཚན་གསོལ་ཞེས་པ་ཙམ་ལས་དགུང་ལོ་ཇི་ཙམ་བཞུགས་པ་དང་། འཁྲུངས་ལོ་གང་ཡིན་མི་གསལ་ཞིང་། རབ་བྱུང་མཛད་ནས་ལོ་བཞི་ཅུ་རྩ་གཅིག་བཞུགས་ཞེས་པ་ལྟར་ན། བསྟན་པའི་བྱ་བ་མཛད་ནས་ལོ་གསུམ་སོང་རྗེས་རབ་བྱུང་བཞེས་པ་ཞིག་ཡིན་པར་གསལ་བས་དེ་དུས་དགུང་ལ་ཉི་ཤུ་ལྷག་ཙམ་ཕེབས་ཟིན་པར་མངོན། སྐུ་གཤེགས་པའི་ལོའི་ལྕགས་ཡོས་དེ་ཨ་ཏི་ཤ་སྐུ་མ་གཤེགས་གོང་གི་ལྕགས་ཡོས་ཡིན་ན་རབ་བྱུང་དང་པོའི་ལྕགས་ཡོས (༡༠༥༡) ལོ་ཡིན་པ་དང་། ཇོ་བོ་རྗེ་ཨ་ཏི་ཤ་སྐུ་གཤེགས་རྗེས་ཀྱི་ལྕགས་ཡོས་ཡིན་ན་རབ་འོད་དེ་ཇོ་བོ་རྗེ་ཨ་ཏི་ཤ་སྐུ་གཤེགས་ནས་ཀྱང་ལོ་ལྔ་བཅུ་ང་བརྒྱད་བར་བཞུགས་དགོས་ཤིང་། དེ་ལྟར་ན་ཆོས་འབྱུང་རང་གི་ནང་། ལྷ་བླ་མ་ཞི་བ་འོད་ཀྱིས་ལོ་ཙཱ་བ་མཛད་ནས་ཇོ་བོ་རྗེ་ཨ་ཏི་ཤ་དང་ལྷན་དུ་དཔལ་མཆོག་རང་འགྲེལ་དང་། ཚད་མ་རྒྱན་གྱི་འགྲེལ་པ་སོགས་མང་པོ་བོད་སྐད་དུ་བསྒྱུར་བར་གསུངས་པ་དང་གཤམ་དུ་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་། བྲང་ཏི་དར་མ་སྙིང་པོ། ཨར་བྱང་ཆུབ་ཡེ་ཤེས (འབྲེ་ཤེས་རབ་འབར་གྱི་སློབ་མ) བཅས་གདན་དྲངས་ནས་ཆོས་འཁོར་བསྐོར་བར་གསུངས་པ་བཅས་བསྡུར་ན། ལྷ་བླ་མ་ཞི་བ་འོད་གཤེགས་པའི་ལྕགས་ཡོས་དེ་རབ་བྱུང་གཉིས་པའི་ལྕགས་ཡོས (༡༡༡༡) ལོ་དེ་རང་ཡིན་པ་དང་། ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས་སྐབས་པཎྜི་ཏའི་ལོ་ཙཱ་བ་མཛད་ནས་ཆོས་བསྒྱུར་ཐུབ་པའི་མཁྱེན་རྒྱ་ཅན་དུ་གྱུར་ཟིན་པས་དེ་དུས་དགུང་ལོ་བདུན་ཅུ་ལྷག་དུ་བཞུགས་པ་ཡིན་སྙམ།

language:
Tibetan